From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
བྱང་ཆུབ་སེམས་དཔའ་གསར་བརྒྱད་ (1)
| Part of speech
|
མིང་ཚིག
|
| Definition
|
འཕགས་པ་སོར་མོའི་ཕྲེང་བ་ལ་ཕན་པའི་མདོ་ལས་བྱུང་བ་སྟེ། ཆོས་ལ་སེམས་པ། རྟོག་ཅིང་གཞིག་དང༌། ལེན་ཅིང་འཛིན་པ། ཕ་མ་ལ་སྲི་ཞུ་ཆེ་བ། རང་གི་སློབ་དཔོན་ལ་བྱས་པ་གཟོ་བ། ལྟ་བ་ཐམས་ཅད་དང་མི་མཐུན་པ། མཚན་མ་ཐམས་ཅད་ལ་ཁྱད་དུ་གསོད་ཅིང་འདུལ་བ་ལ་མཁས་པ། མི་རུང་བ་ཐམས་ཅད་སྤོང་བ། འདོད་པ་མེད་པའི་སེམས་སོ། །
|
| Domain
|
ཆོས་ལུགས།
|
བྱང་ཆུབ་སེམས་དཔའ་གསར་བརྒྱད་ (2)
| Part of speech
|
མིང་ཚིག
|
| Definition
|
ཐེག་པ་ཆེན་པོ་སྟོན་པ། དེ་བཞིན་གཤེགས་པའི་སྙིང་པོ་གསལ་བར་སྟོན་ཅིང་གཏོང་བ་དང་ལྡན་པ། ཟང་ཟིང་ལ་མི་བརྐམ་པ། བྱམས་པ་དང༌། སྙིང་རྗེ་དང༌། དགའ་བ་དང༌། བཏང་སྙོམས་སུ་ལྡན་པ། སེམས་ཅན་ཐམས་ཅད་ལ་བུ་གཅིག་པ་བཞིན་དུ་ལྟ་བ། དེ་དགེ་བའི་བཤེས་གཉེན་ལ་བསྟེན་པ། སྡིག་པའི་གྲོགས་པོ་ཡོངས་སུ་སྤོང་བ། རྙེད་པ་དང༌། བཀུར་སྟི་ལ་ཆོག་ཤེས་པའོ། །
|
བྱང་ཆུབ་སེམས་དཔའ་གསར་བརྒྱད་ (3)
| Part of speech
|
མིང་ཚིག
|
| Definition
|
ཕན་པ། རན་པ། འཇམ་པར་སྨྲ་བ་དགའ་བ། ཉོན་མོངས་པ་ཆུང་བ་བཟོད་པ་དང་ལྡན་པ། མདོ་སྡེའི་མཐའ་ཐམས་ཅད་ཉན་པ་ལ་བཟོད་པ། མིག་གཉིས་ཐུལ་བ། སྙོམས་ལས་མེད་དེ་ལྡན་ཞིང་བག་ཡོད་པ། བསླབ་པ་ལ་མོས་པའོ། །
|
བྱང་ཆུབ་སེམས་དཔའ་གསར་བརྒྱད་ (4)
| Part of speech
|
མིང་ཚིག
|
| Definition
|
བདུད་ཀྱིས་བཤད་པ་དང༌། སངས་རྒྱས་ཀྱིས་བཀའ་སྩལ་བའི་བྱེ་བྲག་ཤེས་པ། མདོ་སྡེ་ཤེས་པ་ལ་བཀུར་སྟི་བྱེད་པ་དང༌། འདུལ་བ་དང༌། འདུལ་བ་མ་ཡིན་པའི་བྱེ་བྲག་ཤེས་ཏེ། མི་འཆབ་པ། དེ་བཞིན་གཤེགས་པས་དགོངས་ཏེ་གསུངས་པ་ལ་མཁས་པ། དེ་བཞིན་གཤེགས་པའི་གསུང་པ་ཤེས་པ། འཇིག་རྟེན་གྱི་ཕྱིར་འབྲང་བར་བྱ་བ་ཤེས་པ། དེ་བཞིན་གཤེགས་པ་རྟག་པ་ཉིད་དུ་ཤེས་པ། སྡིག་པ་དང༌། སྡིག་པ་མེད་པ་དང༌། བྱང་ཆུབ་སེམས་དཔའི་བྱ་བ་ལ་མཁས་པ། ཡུལ་དང༌། དུས་དང༌། ཡེ་ཤེས་དང༌། བདག་གིས་ནུས་པ་དང༌། རབ་ཏུ་ཤེས་པ་སྟེ། མཚན་ཉིད་བརྒྱད་པོ་དེ་དག་ལྡན་ན། བྱང་ཆུབ་སེམས་དཔའ་གསར་ཡིན་ནོ། །
|