47389

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
བྱང་ཆུབ་སེམས་དཔའ་ཆུ་དང་མཚུངས་པའི་ཆོས་བཅུ་ (1)
Part of speech མིང་ཚིག
Definition འཕགས་པ་དཀོན་མཆོག་སྤྲིན་ཞེས་བྱ་བའི་མདོ་ལས་བྱུང་བ་སྟེ། ༡ བྱང་ཆུབ་སེམས་དཔའ་དགེ་བའི་ཆོས་ལ་གཞོལ་བ་ཡིན། ༢ བྱང་ཆུབ་སེམས་དཔའ་དཀར་པོའི་ཆོས་ཐམས་ཅད་སྐྱེད་པ་ཡིན། ༣ བྱང་ཆུབ་སེམས་དཔའ་དགའ་བ་དང༌། དད་པ་དང༌། རངས་པའི་གཤེར་བ་ཅན་ཡིན། ༤ བྱང་ཆུབ་སེམས་དཔའ་ཉོན་མོངས་པའི་རྩ་བའི་རྒྱུན་ཐམས་ཅད་སྲུལ་བ་ཡིན། ༥ བྱང་ཆུབ་སེམས་དཔའ་དང་ཞིང་རྙོག་པ་མེད་དེ་གསལ་བ་ཡིན། ༦ བྱང་ཆུབ་སེམས་དཔའ་ཉོན་མོངས་པའི་ཡོངས་སུ་གདུང་བ་རབ་ཏུ་ཞི་བར་བྱེད། ༧ བྱང་ཆུབ་སེམས་དཔའ་འདོད་པ་ལ་སྲེད་པ་ཟློག་པ་ཡིན། ༨ བྱང་ཆུབ་སེམས་དཔའ་ཟབ་ཅིང་གཏིང་དཔག་དཀའ་བ་ཡིན། ༩ བྱང་ཆུབ་སེམས་དཔའ་མཐོ་དམའ་འགེངས་པ་ཡིན། ༡༠ བྱང་ཆུབ་སེམས་དཔའ་ཉོན་མོངས་པའི་རྡུལ་ཐམས་ཅད་རབ་ཏུ་ཞི་བར་བྱེད་པ་ཡིན།
Domain ཆོས་ལུགས།