47430

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
བྱང་ཆུབ་སེམས་དཔའ་མངལ་གྱི་དྲི་མས་མ་གོས་པའི་ཆོས་བཅུ་ (1)
Part of speech མིང་ཚིག
Definition འཕགས་པ་དཀོན་མཆོག་སྤྲིན་ཞེས་བྱ་བའི་མདོ་ལས་བྱུང་བ་སྟེ། དེ་བཞིན་གཤེགས་པའི་གཟུགས་སུ་བྱེད་པ། མཆོད་རྟེན་ཞིག་པ་འཆོས་པ། དེ་བཞིན་གཤེགས་པའི་མཆོད་རྟེན་དག་ལ་སྤོས་ཀྱི་བྱུག་པ་འབུལ་བ། དེ་བཞིན་གཤེགས་པའི་སྐུ་གཟུགས་དག་ལ་ཁྲུས་ཀྱི་སྤོས་ཆུ་འབུལ། དེ་བཞིན་གཤེགས་པའི་མཆོད་རྟེན་དག་ལ་ཕྱག་དར། སྐྱང་ནུལ་བྱ་བ་འབུལ་བ། ཕ་མ་དག་ལ་ལུས་ཀྱི་རིམ་གྲོ་བྱེད་པ། མཁན་པོ་དང་སློབ་དཔོན་དག་ལ་ལུས་ཀྱི་རིམ་གྲོ་བྱེད་པ། ཚངས་པ་མཚུངས་པར་སྤྱོད་པ་རྣམས་ལ་ལུས་ཀྱི་རིམ་གྲོ་བྱེད་པ། དེའང་ཟང་ཟིང་མེད་པའི་སེམས་ཀྱིས་ཏེ། ཟིང་ཟིང་དང་བཅས་པ་མ་ཡིན་ལ། དགེ་བའི་རྩ་བ་འདི་ཡང་འདི་ལྟར་དགེ་བའི་རྩ་བ་འདིས་སེམས་ཅན་ཐམས་ཅད་མངལ་གྱི་དྲི་མས་མ་གོས་པར་སྐྱེ་བར་གྱུར་ཅིག་ཅེས་ཡོངས་སུ་བསྔོ་ཞིང༌། དེའང་བསམ་པ་ཐག་པ་ནས་སེམས་པའོ། །
Domain ཆོས་ལུགས།