47432

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
བྱང་ཆུབ་སེམས་དཔའ་མངོན་པར་འཚང་རྒྱ་བའི་ཏིང་ངེ་འཛིན་བརྒྱ་དང་བཅུ་གཅིག་ (1)
Part of speech མིང་ཚིག
Definition ཕལ་ཆེར་ཏིང་ངེ་འཛིན་གྱི་ལེའུ་ལས་བྱུང་བ་སྟེ། ༡ དཔའ་བར་འགྲོ་བ་ཞེས་བྱ་བའི་ཏིང་ངེ་འཛིན། ༢ རིན་ཆེན་ཕྱག་རྒྱ་ཞེས་བའི་ཏིང་ངེ་འཛིན། ༣ སེང་གེ་རྣམ་པར་རྩེ་བ་ཞེས་བྱ་བའི་ཏིང་ངེ་འཛིན། ༤ ཟླ་བ་བཟང་པོ་ཞེས་བྱ་བའི་ཏིང་ངེ་འཛིན། ༥ ཟླ་བའི་རྒྱལ་མཚན་ཞེས་བྱ་བའི་ཏིང་ངེ་འཛིན། ༦ ཆོས་ཐམས་ཅད་ལས་ཤིན་ཏུ་འཕགས་པ་ཞེས་བྱ་བའི་ཏིང་ངེ་འཛིན། ༧ སྤྱི་གཙུག་བལྟར་མི་མཐོང་བ་ཞེས་བྱ་བའི་ཏིང་ངེ་འཛིན། ༨ ཆོས་ཀྱི་དབྱིངས་སུ་ངེས་པ་ཞེས་བྱ་བའི་ཏིང་ངེ་འཛིན། ༩ ངེས་པའི་རྒྱལ་མཚན་ཏོག་ཅེས་བྱ་བའི་ཏིང་ངེ་འཛིན། ༡༠ ངེས་པའི་ཏོག་ཅེས་བྱ་བའི་ཏིང་ངེ་འཛིན། ༡༡ རྡོ་རྗེ་ལྟ་བུ་ཞེས་བྱ་བའི་ཏིང་ངེ་འཛིན། ༡༢ ཆོས་ལ་འཇུག་པའི་ཕྱག་རྒྱ་ཞེས་བྱ་བའི་ཏིང་ངེ་འཛིན། ༡༣ ཏིང་ངེ་འཛིན་གྱི་རྒྱལ་པོ་ལྟར་རབ་ཏུ་གནས་པ་ཞེས་བྱ་བའི་ཏིང་ངེ་འཛིན། ༡༤ རྒྱལ་པོའི་ཕྱག་རྒྱ་ཞེས་བྱ་བའི་ཏིང་ངེ་འཛིན། ༡༥ བརྩོན་འགྲུས་ཀྱི་སྟོབས་ཞེས་བྱ་བའི་ཏིང་ངེ་འཛིན། ༡༦ ཡང་དག་པར་འཕགས་པ་ཞེས་བྱ་བའི་ཏིང་ངེ་འཛིན། ༡༧ ངེས་པའི་ཚིག་ལ་གདོན་མི་ཟ་བར་འཇུག་པ་ཞེས་བྱ་བའི་ཏིང་ངེ་འཛིན། ༡༨ ཚིག་བླ་དྭགས་ལ་འཇུག་ཅིང་ཕྱོགས་ལ་རྣམ་པར་ལྟ་བ་ཞེས་བྱ་བའི་ཏིང་ངེ་འཛིན། ༡༩ གཟུངས་ཀྱི་ཕྱག་རྒྱ་ཞེས་བྱ་བའི་ཏིང་ངེ་འཛིན། ༢༠ བརྗེད་པ་མེད་པ་ཞེས་བྱ་བའི་ཏིང་ངེ་འཛིན། ༢༡ ཆོས་ཐམས་ཅད་ལ་ཡང་དག་པར་འདུ་བ་རྒྱ་མཚོའི་ཕྱག་རྒྱ་ཞེས་བྱ་བའི་ཏིང་ངེ་འཛིན། ༢༢ ནམ་མཁའ་ཁྱབ་པར་བྱེད་པ་ཞེས་བྱ་བའི་ཏིང་ངེ་འཛིན། ༢༣ རྡོ་རྗེའི་དཀྱིལ་འཁོར་ཞེས་བྱ་བའི་ཏིང་ངེ་འཛིན། ༢༤ རྒྱལ་མཚན་གྱི་རྩེ་མོའི་ཏོག་ཅེས་བྱ་བའི་ཏིང་ངེ་འཛིན། ༢༥ དབང་པོའི་ཏོག་ཅེས་བྱ་བའི་ཏིང་ངེ་འཛིན། ༢༦ རྒྱུན་གྱི་རྗེས་སུ་སོང་བ་ཞེས་བྱ་བའི་ཏིང་ངེ་འཛིན། ༢༧ སེང་གེ་རྣམ་པར་བསྒྱིངས་པ་ཞེས་བྱ་བའི་ཏིང་ངེ་འཛིན། ༢༨ བཀོད་པ་བསྒྲུབ་པ་ཞེས་བྱ་བའི་ཏིང་ངེ་འཛིན། ༢༩ རིན་ཆེན་འབྱུང་གནས་ཞེས་བྱ་བའི་ཏིང་ངེ་འཛིན། ༣༠ རྣམ་པར་སྣང་བ་ཞེས་བྱ་བའི་ཏིང་ངེ་འཛིན། ༣༡ འཚོལ་བ་མེད་པ་ཞེས་བྱ་བའི་ཏིང་ངེ་འཛིན། ༣༢ གནས་ལ་བརྟེན་པ་མེད་པ་ཞེས་བྱ་བའི་ཏིང་ངེ་འཛིན། ༣༣ སེམས་པ་མེད་པ་ཞེས་བྱ་བའི་ཏིང་ངེ་འཛིན། ༣༤ དྲི་མ་མེད་པའི་སྒྲོན་མ་ཞེས་བྱ་བའི་ཏིང་ངེ་འཛིན། ༣༥ སྣང་བ་མཐའ་ཡས་པ་ཞེས་བྱ་བའི་ཏིང་ངེ་འཛིན། ༣༦ སྣང་བ་བྱེད་པ་ཞེས་བྱ་བའི་ཏིང་ངེ་འཛིན། ༣༧ དག་པ་དམ་པ་ཞེས་བྱ་བའི་ཏིང་ངེ་འཛིན། ༣༨ འོད་དྲི་མ་མེད་པ་ཞེས་བྱ་བའི་ཏིང་ངེ་འཛིན། ༣༩ དགའ་བ་བྱེད་པ་ཞེས་བྱ་བའི་ཏིང་ངེ་འཛིན། ༤༠ གློག་གི་སྒྲོན་མ་ཞེས་བྱ་བའི་ཏིང་ངེ་འཛིན། ༤༡ ཟད་མི་ཤེས་པ་ཞེས་བྱ་བའི་ཏིང་ངེ་འཛིན། ༤༢ གཟི་བརྗིད་ཡོད་པ་ཞེས་བྱ་བའི་ཏིང་ངེ་འཛིན། ༤༣ ཟད་པ་དང་བྲལ་བ་ཞེས་བྱ་བའི་ཏིང་ངེ་འཛིན། ༤༤ ངེས་པར་རྒྱལ་བ་ཞེས་བྱ་བའི་ཏིང་ངེ་འཛིན། ༤༥ རྣམ་པར་འཇོམས་པ་ཞེས་བྱ་བའི་ཏིང་ངེ་འཛིན། ༤༦ ཉི་མའི་སྒྲོན་མ་ཞེས་བྱ་བའི་ཏིང་ངེ་འཛིན། ༤༧ ཟླ་བའི་སྒྲོན་མ་ཞེས་བྱ་བའི་ཏིང་ངེ་འཛིན། ༤༨ སྣང་བ་དག་པ་ཞེས་བྱ་བའི་ཏིང་ངེ་འཛིན། ༤༩ སྣང་བ་བྱེད་པ་ཞེས་བྱ་བའི་ཏིང་ངེ་འཛིན། ༥༠ མཆོག་གི་སྣང་བ་ཞེས་བྱ་བའི་ཏིང་ངེ་འཛིན། ༥༡ ཡེ་ཤེས་ཏོག་ཅེས་བྱ་བའི་ཏིང་ངེ་འཛིན། ༥༢ སེམས་གནས་པ་ཞེས་བྱ་བའི་ཏིང་ངེ་འཛིན། ༥༣ ཀུན་ཏུ་སྣང་བ་ཞེས་བྱ་བའི་ཏིང་ངེ་འཛིན། ༥༤ རབ་ཏུ་གནས་པ་ཞེས་བྱ་བའི་ཏིང་ངེ་འཛིན། ༥༥ རིན་ཆེན་མཐའ་ཡས་ཞེས་བྱ་བའི་ཏིང་ངེ་འཛིན། ༥༦ ཆོས་དམ་པའི་ཕྱག་རྒྱ་ཞེས་བྱ་བའི་ཏིང་ངེ་འཛིན། ༥༧ ཆོས་ཐམས་ཅད་མཉམ་པ་ཉིད་ཅེས་བྱ་བའི་ཏིང་ངེ་འཛིན། ༥༨ དགའ་བ་སྤོང་བ་ཞེས་བྱ་བའི་ཏིང་ངེ་འཛིན། ༥༩ ཆོས་ཀྱིས་གནོན་པའི་སྤྱི་གཙུག་ཅེས་བྱ་བའི་ཏིང་ངེ་འཛིན། ༦༠ རྣམ་པར་འཐོར་བ་ཞེས་བྱ་བའི་ཏིང་ངེ་འཛིན། ༦༡ ཚིག་ཐམས་ཅད་རབ་ཏུ་འབྱེད་པ་ཞེས་བྱ་བའི་ཏིང་ངེ་འཛིན། ༦༡ ཡི་གེ་མཉམ་པར་འགོད་པ་ཞེས་བྱ་བའི་ཏིང་ངེ་འཛིན། ༦༣ ཡི་གེ་དང་བྲལ་བ་ཞེས་བྱ་བའི་ཏིང་ངེ་འཛིན། ༦༤ དམིགས་པ་གཅོད་པ་ཞེས་བྱ་བའི་ཏིང་ངེ་འཛིན། ༦༥ རྣམ་པ་མེད་པ་ཞེས་བྱ་བའི་ཏིང་ངེ་འཛིན། ༦༦ མིང་ངེས་པར་འཇུག་པ་ཞེས་བྱ་བའི་ཏིང་ངེ་འཛིན། ༦༧ གནས་མེད་པར་སྤྱོད་པ་ཞེས་བྱ་བའི་ཏིང་ངེ་འཛིན། ༦༨ རབ་རིབ་མེད་པ་ཞེས་བྱ་བའི་ཏིང་ངེ་འཛིན། ༦༩ སྤྱོད་པ་དང་ལྡན་པ་ཞེས་བྱ་བའི་ཏིང་ངེ་འཛིན། ༧༠ གཡོ་བ་མེད་པ་ཞེས་བྱ་བའི་ཏིང་ངེ་འཛིན། ༧༡ ཡུལ་ལས་རྒལ་བ་ཞེས་བྱ་བའི་ཏིང་ངེ་འཛིན། ༧༢ ཡོན་ཏན་ཐམས་ཅད་ཀྱི་ཚོགས་སུ་གྱུར་པ་ཞེས་བྱ་བའི་ཏིང་ངེ་འཛིན། ༧༣ སེམས་མེད་པར་གནས་པ་ཞེས་བྱ་བའི་ཏིང་ངེ་འཛིན། ༧༤ དགེ་བའི་མེ་ཏོག་རྒྱས་ཤིང་དག་པ་ཞེས་བྱ་བའི་ཏིང་ངེ་འཛིན། ༧༥ བྱང་ཆུབ་ཀྱི་ཡན་ལག་ཡོད་པ་ཞེས་བྱ་བའི་ཏིང་ངེ་འཛིན། ༧༦ སྤོབས་པ་མཐའ་ཡས་པ་ཞེས་བྱ་བའི་ཏིང་ངེ་འཛིན། ༧༧ མི་མཉམ་པ་དང་མཉམ་པ་ཞེས་བྱ་བའི་ཏིང་ངེ་འཛིན། ༧༨ ཐམས་ཅད་ལས་འདའ་བ་ཞེས་བྱ་བའི་ཏིང་ངེ་འཛིན། ༧༩ ཤིན་ཏུ་བརྟགས་པ་མེད་པ་ཞེས་བྱ་བའི་ཏིང་ངེ་འཛིན། ༨༠ ནེམ་ནུར་རྣམ་པར་སེལ་བ་ཞེས་བྱ་བའི་ཏིང་ངེ་འཛིན། ༨༡ གནས་སུ་བྱ་བ་མེད་པ་ཞེས་བྱ་བའི་ཏིང་ངེ་འཛིན། ༨༢ བཀོད་པ་གཅིག་པ་ཞེས་བྱ་བའི་ཏིང་ངེ་འཛིན། ༨༣ རྣམ་པ་མངོན་པར་བསྒྲུབ་པ་ཞེས་བྱ་བའི་ཏིང་ངེ་འཛིན། ༨༤ རྣམ་པ་གཅིག་ཏུ་གྱུར་པ་ཞེས་བྱ་བའི་ཏིང་ངེ་འཛིན། ༨༥ རྣམ་པ་དོར་བ་མེད་པ་ཞེས་བྱ་བའི་ཏིང་ངེ་འཛིན། ༨༦ སྲིད་པའི་འདམ་བུ་ཐམས་ཅད་ཕུང་པོ་མེད་པར་རྣམ་པར་འཐོར་བ་ཞེས་བྱ་བའི་ཏིང་ངེ་འཛིན། ༨༧ བརྡ་ལ་འཇུག་པ་ཞེས་བྱ་བའི་ཏིང་ངེ་འཛིན། ༨༨ སྒྲ་དབྱངས་ཀྱི་ཡི་གེ་དང་བྲལ་བ་ཞེས་བྱ་བའི་ཏིང་ངེ་འཛིན། ༨༩ སྒྲོན་མ་འབར་བ་ཞེས་བྱ་བའི་ཏིང་ངེ་འཛིན། ༩༠ མཚན་ཉིད་ཡོངས་སུ་དག་པ་ཞེས་བྱ་བའི་ཏིང་ངེ་འཛིན། ༩༡ མངོན་པར་མི་དམིགས་པ་ཞེས་བྱ་བའི་ཏིང་ངེ་འཛིན། ༩༢ རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པ་ཞེས་བྱ་བའི་ཏིང་ངེ་འཛིན། ༩༣ བདེ་བ་དང་སྡུག་བསྔལ་ཐམས་ཅད་ལ་མངོན་པར་དགའ་བ་མེད་པ་ཞེས་བྱ་བའི་ཏིང་ངེ་འཛིན། ༩༤ རྣམ་པ་ཟད་མི་ཤེས་པ་ཞེས་བྱ་བའི་ཏིང་ངེ་འཛིན། ༩༥ གཟུངས་ཀྱི་བློ་གྲོས་ཞེས་བྱ་བའི་ཏིང་ངེ་འཛིན། ༩༦ ཡང་དག་པ་དང་ལོག་པ་ཐམས་ཅད་ཡང་དག་པར་སེལ་བ་ཞེས་བྱ་བའི་ཏིང་ངེ་འཛིན། ༩༧ སྒྲ་བསྒྲགས་པ་ལ་འཇུག་པ་ཞེས་བྱ་བའི་ཏིང་ངེ་འཛིན། ༩༨ འགལ་བ་འགོག་པ་མེད་པ་ཞེས་བྱ་བའི་ཏིང་ངེ་འཛིན། ༩༩ འོད་དྲི་མ་མེད་པ་ཞེས་བྱ་བའི་ཏིང་ངེ་འཛིན། ༡༠༠ སྙིང་པོ་དང་ལྡན་པ་ཞེས་བྱ་བའི་ཏིང་ངེ་འཛིན། ༡༠༡ ཟླ་བ་ཉ་པའི་འོད་དྲི་མ་མེད་པ་ཞེས་བྱ་བའི་ཏིང་ངེ་འཛིན། ༡༠༢ བཀོད་པ་ཆེན་པོ་ཞེས་བྱ་བའི་ཏིང་ངེ་འཛིན། ༡༠༣ འཇིག་རྟེན་ཐམས་ཅད་ལ་འོད་བྱེད་པ་ཞེས་བྱ་བའི་ཏིང་ངེ་འཛིན། ༡༠༤ ཏིང་ངེ་འཛིན་མཉམ་པ་ཉིད་ཅེས་བྱ་བའི་ཏིང་ངེ་འཛིན། ༡༠༥ རྡུལ་མེད་ཅིང་རྡུལ་དང་བྲལ་བ་དང་ལྡན་པ་ཞེས་བྱ་བའི་ཏིང་ངེ་འཛིན། ༡༠༦ ཉོན་མོངས་པ་མེད་པ་དང་། ཉོན་མོངས་པ་དང་བཅས་པ་ཐམས་ཅད་ཡང་དག་པར་འདུ་བ་ཞེས་བྱ་བའི་ཏིང་ངེ་འཛིན། ༡༠༧ གཡོ་བ་མེད་ཅིང་གནས་པ་མེད་ལ་དགའ་བ་ཞེས་བྱ་བའི་ཏིང་ངེ་འཛིན། ༡༠༨ དེ་བཞིན་ཉིད་ལ་གནས་ཤིང་སེམས་མེད་པ་ཞེས་བྱ་བའི་ཏིང་ངེ་འཛིན། ༡༠༩ ལུས་ཀྱི་སྐྱོན་ཡང་དག་པར་སེལ་བ་ཞེས་བྱ་བའི་ཏིང་ངེ་འཛིན། ༡༡༠ ངག་གི་སྐྱོན་རྣམ་པར་འཇིག་པས་ནམ་མཁའ་ལྟ་བུར་གྱུར་པ་ཞེས་བྱ་བའི་ཏིང་ངེ་འཛིན། ༡༡༡ ནམ་མཁའ་ལྟར་ཆགས་པ་མེད་ལ་འགྲོ་བ་ལས་རྣམ་པར་གྲོལ་ཞིང་གོས་པ་མེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཡོད་དེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཏིང་ངེ་འཛིན་གང་དག་ལ་གནས་ན་མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་བའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཏིང་ངེ་འཛིན་ནི་དེ་དག་ཡིན་ནོ། །
Domain ཆོས་ལུགས།

{{#arraymap:བྱང་ཆུབ་སེམས་དཔའ་མངོན་པར་འཚང་རྒྱ་བའི་ཏིང་ངེ་འཛིན་བརྒྱ་དང་བཅུ་གཅིག་

|; |@@@ | | }}