47438
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | འཕགས་པ་དཀོན་མཆོག་སྤྲིན་ཞེས་བྱ་བའི་མདོ་ལས་བྱུང་བ་སྟེ། མི་དགེ་བའི་ཆོས་ལས་ཕྱིར་ལོག་པ་རྣམས་ཡིན། དེ་བཞིན་གཤེགས་པས་བསླབ་པ་བཅས་པ་ལས་མི་འདའ་བ་རྣམས་ཡིན། སེར་སྣ་དང་བྲལ་བ་རྣམས་ཡིན། སྔོན་གྱི་རྒྱལ་བ་ལ་བྱ་བ་བྱས་པ་རྣམས་ཡིན། བསོད་ནམས་བྱ་བ་ལ་མཁས་པ་རྣམས་ཡིན། ཤེས་རབ་ཕུན་སུམ་ཚོགས་པ་རྣམས་ཡིན། ཐབས་ལ་མཁས་པ་རྣམས་ཡིན། སྨོན་ལམ་ཕུན་སུམ་ཚོགས་པ་རྣམས་ཡིན། སྐྱོ་བ་མང་བ་རྣམས་ཡིན། བརྩོན་འགྲུས་བརྩམས་པ་རྣམས་ཡིན་ནོ། ། |
| Domain | ཆོས་ལུགས། |