47439
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | འཕགས་པ་དཀོན་མཆོག་སྤྲིན་ཞེས་བྱ་བའི་མདོ་ལས་བྱུང་བ་སྟེ། ༡ བྱང་ཆུབ་སེམས་དཔའ་ཉོན་མོངས་པའི་ཕྱག་དར་ཁུང་ཐམས་ཅད་སྲེག ༢ བྱང་ཆུབ་སེམས་དཔའ་སངས་རྒྱས་ཀྱི་ཆོས་རྣམས་ཡོངས་སུ་སྨིན་པར་བྱེད། ༣ བྱང་ཆུབ་སེམས་དཔའ་ཉོན་མོངས་པའི་འདབ་ཐམས་ཅད་སྐེམ་པར་བྱེད། ༤ བྱང་ཆུབ་སེམས་དཔའ་མེའི་ཕུང་པོ་དང་འདྲ་བ་ཡིན། ༥ བྱང་ཆུབ་སེམས་དཔའ་སྣང་བར་གྱུར་པ་ཡིན། ༦ བྱང་ཆུབ་སེམས་དཔའ་སྐྲག་པར་བྱེད་པ་ཡིན། ༧ བྱང་ཆུབ་སེམས་དཔའ་དབུགས་འབྱིན་པ་ཡིན། ༨ བྱང་ཆུབ་སེམས་དཔའ་སེམས་ཅན་ཐམས་ཅད་ཀྱི་ཐུན་མོང་དུ་གྱུར་པ་ཡིན། ༩ བྱང་ཆུབ་སེམས་དཔའ་མཆོད་པར་བྱ་བ་ཡིན། ༡༠ མི་བརྙས་པ་ཡིན། |
| Domain | ཆོས་ལུགས། |