47469
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | རྣལ་འབྱོར་སྤྱོད་པའི་ས་རྣམ་པར་གཏན་ལ་དབབ་པ་བསྡུ་བ་ལས་བྱུང་བ་སྟེ། ༡ ཐེག་པ་ཆེན་པོ་དང་ལྡན་པའི་མདོ་སྡེ་ལ་སོགས་པའི་ཆོས་བྱང་ཆུབ་སེམས་དཔའི་སྡེ་སྣོད་ཀྱིས་བསྡུས་པ་དག་ཡི་གེར་འབྲིར་བཅུག་སྟེ་འཛིན་པ། ༢ དེ་བཞིན་དུ་མཆོད་པ། ༣ གཞན་དག་ལ་སྦྱིན་པ། ༤ སྟོན་པ་ན་གུས་པར་བྱས་ཏེ་ཉན་པ། ༥ བདག་ཉིད་ཀློག་པ། ༦ དེ་བཞིན་དུ་ཀུན་ཆུབ་པར་ལུང་ནོད་པ། ༧ ལུང་ཕོག་པ་རྣམས་རྒྱ་ཆེར་དབྱངས་ཀྱིས་ཁ་ཏོན་བྱེད་པ། ༨ གཞན་དག་ལ་རྒྱ་ཆེར་ཡང་དག་པར་སྟོན་པ། ༩ གཅིག་པུ་དབེན་པར་སོང་སྟེ་སེམས་པ་དང་། འཇལ་བ་དང་། ཉེ་བར་རྟོག་པར་བྱེད་པ། ༡༠ བསྒོམ་པའི་རྣམ་པས་རྗེས་སུ་འཇུག་པར་བྱེད་པའོ། ། |
| Domain | ཆོས་ལུགས། |