47573

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
བྱང་ཆུབ་སེམས་དཔའི་གཡང་ས་བཞི་ (1)
Part of speech མིང་ཚིག
Definition མདོ་ཀུན་ལས་བཏུས་པ་ཆེན་པོ་ལས་བྱུང་བ་སྟེ། མ་གུས་པ་ཉིད་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་གཡང་སའོ། །བྱས་པ་མི་ཤེས་དག་གཡོས་བརྟེན་པ་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་གཡང་སའོ། །རྙེད་པ་དང་བཀུར་སྟི་ལ་ལྷག་པར་ཆགས་པ་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་གཡང་སའོ། །ཚུལ་འཆོས་དང་ཁ་གསག་ཉིད་ཀྱིས་རྙེད་པ་དང་བཀུར་སྟི་སྒྲུབ་པ་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་གཡང་སའོ། །
Domain ཆོས་ལུགས།