47576

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
བྱང་ཆུབ་སེམས་དཔའི་ཆོས་ངེས་པ་ཐོབ་པ་བཅུ་ (1)
Part of speech མིང་ཚིག
Definition ཕལ་ཆེན་ལེའུ་ཞེ་གསུམ་པ་དེ་བཞིན་གཤེགས་པ་སྐྱེ་བ་འབྱུང་བ་བསྟན་པ་ལས་བྱུང་བ་སྟེ། འདི་ལྟར་དེ་བཞིན་གཤེགས་པའི་རིགས་སུ་སྐྱེས་པ་ཡིན། སངས་རྒྱས་ཀྱི་ཡུལ་ལ་གནས་པ་ཡིན། བྱང་ཆུབ་སེམས་དཔའི་ལས་ལ་ཞུགས་པ་ཡིན། ཕ་རོལ་ཏུ་ཕྱིན་པ་ལ་ནན་ཏན་དུ་བྱེད་པ་ཡིན། སངས་རྒྱས་ཀྱི་རྒྱུད་ནས་བྱུང་བ་ཡིན། དེ་བཞིན་གཤེགས་པའི་གདུང་ལས་སྐྱེས་པ་ཡིན། སངས་རྒྱས་ཀྱི་སྟོབས་ལ་གནས་པ་ཡིན། དེ་བཞིན་གཤེགས་པའི་བྱང་ཆུབ་ཏུ་རྗེས་སུ་སོང་བ་ཡིན། སངས་རྒྱས་ཐམས་ཅད་ཀྱི་སྐུ་དང་མཉམ་པ་ཡིན། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྣམ་པར་སྤྱོད་པ་དང་མི་གཉིས་པ་ཡིན་པའོ། །
Domain ཆོས་ལུགས།