47577
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | འཕགས་པ་དཀོན་བརྩེགས་སྤྲིན་ཞེས་བྱ་བའི་མདོ་ལས་བྱུང་བ་སྟེ། ༡ མ་བསྟན་པའི་སྦྱིན་པ་ཅན་རྣམས་ཡིན། ༢ མ་བསྟན་པའི་ཚུལ་ཁྲིམས་ཅན་རྣམས། ༣ མ་བསྟན་པའི་བཟོད་པ་ཅན་རྣམས། ༤ མ་བསྟན་པའི་བརྩོན་འགྲུས་ཅན་རྣམས། ༥ མ་བསྟན་པའི་བསམ་གཏན་ཅན་རྣམས། ༦ མ་བསྟན་པའི་ཤེས་རབ་ཅན་རྣམས། ༧ བསྡུ་བའི་དངོས་པོས་སེམས་ཅན་ཐམས་ཅད་སྡུད་པ་རྣམས། ༨ ཡོངས་སུ་བསྔོ་བའི་ཆོ་ག་ཤེས་པ་རྣམས། ༩ ཐབས་ལ་མཁས་པས་སེམས་ཅན་ཐམས་ཅད་ཀྱི་སྤྱོད་པའི་དབང་གིས་ཐེག་པའི་མཆོག་གིས་འབྱུང་བ་སྟོན་པ་རྣམས། ༡༠ ཐེག་པ་ཆེན་པོ་ལས་མ་ཉམས་པ་རྣམས། ༡༡ མྱ་ངན་ལས་འདས་པའི་སྒོ་སྟོན་པ་རྣམས། ༡༢ ཟུང་དང་སྣྲེལ་གཞིའི་རྒྱུད་ལ་མཁས་པ་རྣམས། ༡༣ ཡེ་ཤེས་སྔོན་དུ་འགྲོ་བའི་མངོན་པར་འདུ་མི་བྱེད་ཅིང་ཁ་ན་མ་ཐོ་བ་མེད་པར་ཚེ་རབས་ཐམས་ཅད་མངོན་པར་འཕགས་པ་རྣམས། ༡༤ ལུས་དང༌། ངག་དང༌། ཡིད་ཀྱི་ལས་ཀྱི་མཐའ་དགེ་བ་བཅུ་དང་ལྡན་པ་རྣམས། ༡༥ སྡུག་བསྔལ་གྱི་ཕུང་པོ་ཐམས་ཅད་བཟོད་པའི་ལུས་ལེན་པས་སེམས་ཅན་གྱི་ཁམས་ཐམས་ཅད་ཡོངས་སུ་མི་གཏོང་བ་རྣམས། ༡༦ འགྲོ་བ་ཐམས་ཅད་མངོན་པར་དགའ་བར་སྟོན་པ་རྣམས། ༡༧ བྱིས་པ་དང༌། ཉན་ཐོས་མི་ཟད་པའི་ཇི་སྙེད་ཅིག་ནང་ནའང་དགེ་བ་མང་པོའི་རིན་པོ་ཆེའི་ཤིང་དཔག་བསམ་ལྟར་བསྟེན་པའི་ཐམས་ཅད་མཁྱེན་པ་ཉིད་ཀྱི་སེམས་ཡོངས་སུ་མ་ཉམས་པ་རྣམས། ༡༨ ཆོས་ཐམས་ཅད་ཀྱི་ཐབས་སྦྱིན་པས་དབང་བསྐུར་བ་ཐོབ་པར་བྱ་བའི་ཕྱིར་སངས་རྒྱས་ཆོས་བཙལ་བ་བསྟན་པ་ལས་མི་ལྡོག་པ་རྣམས་སོ། ། |
| Domain | ཆོས་ལུགས། |