47578

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
བྱང་ཆུབ་སེམས་དཔའི་ཆོས་མ་ལུས་པ་མཐར་ཐུག་པ་བཅུ་ (1)
Part of speech མིང་ཚིག
Definition ཕལ་ཆེན་ལེའུ་སུམ་ཅུ་སོ་གསུམ་པ་ཏིང་ངེ་འཛིན་གྱི་ལེའུ་ལས་བྱུང་བ་སྟེ། སངས་རྒྱས་སྐྱེ་བ་ཁོང་དུ་ཆུད་པའི་ཡེ་ཤེས། སེམས་ཅན་དྲི་མ་མེད་པ་མངོན་པར་བསྒྲུབ་པར་བྱ་བའི་ཡེ་ཤེས། འཇིག་རྟེན་གྱི་ཁམས་མིག་ཡོར་ལྟ་བུར་ཤེས་པའི་ཡེ་ཤེས། ཆོས་ཀྱི་དབྱིངས་སུ་འཇུག་པའི་ཡེ་ཤེས། བྱང་ཆུབ་སེམས་དཔའ་རབ་ཏུ་གཟུང་བ་ལ་མཁས་པའི་ཡེ་ཤེས། ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའི་ཐབས་ཡོངས་སུ་གནོན་པའི་ཡེ་ཤེས། དོན་ཐམས་ཅད་དང་ལྡན་པའི་ལྷག་མཐོང་ལ་མཁས་པའི་ཡེ་ཤེས། བྱང་ཆུབ་སེམས་ཀྱི་མཐུའི་རྗེས་སུ་སོང་བའི་ཡེ་ཤེས། སངས་རྒྱས་ཀྱི་ཆོས་ཐམས་ཅད་ཤེས་པའི་ཡེ་ཤེས། ཐམས་ཅད་མཁྱེན་པའི་སྨོན་ལམ་དང་བྱིན་གྱི་རླབས་ཀྱི་ཡེ་ཤེས་སོ། །
Domain ཆོས་ལུགས།