47579
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | དཀོན་མཆོག་བརྩེགས་པ་འོད་སྲུང་གི་ལེའུ་ཞེས་བྱ་བའི་མདོ་ལས་བྱུང་བ་སྟེ། ༡ སེམས་ཅན་ཐམས་ཅད་ལ་ཕན་པ་དང༌། བདེ་བར་བྱ་བའི་ལྷག་པའི་བསམ་པ། ༢ ཐམས་ཅད་མཁྱེན་པའི་ཡེ་ཤེས་ལ་འཛུད་པ། ༣ བདག་ཅི་རི་ཞེས་ཡོངས་སུ་མཇལ་ཞིང་གཞན་གྱི་ཤེས་པ་ལ་མི་སྨོད་པ། ༤ ང་རྒྱལ་མེད་པ། ༥ ལྷག་པའི་བསམ་པ་བརྟན་པ། ༦ བཅོས་མ་མ་ཡིན་པར་བྱམས་པ། ༧ མཛའ་བ་དང་མི་མཛའ་བ་ལ་སེམས་སྙོམས་པ། ༨ མྱ་ངན་ལས་འདས་པའི་མཐའི་བར་དུ་གཏན་དུ་མཛའ་བ། ༩ ཚིག་རན་ཅིང་འཛུམ་པའི་བཞིན་གྱིས་གསོང་པོར་སྨྲ་བ། ༡༠ ཁུར་བླངས་པ་རྣམས་ལ་སྒྱིད་ལུག་པ་མེད་པ། ༡༡ སེམས་ཅན་ཐམས་ཅད་ལ་སྙིང་རྗེ་ཆེན་པོ་ཡོངས་སུ་མ་བཅད་པ། ༡༢ ཡིད་ཡོངས་སུ་མི་སྐྱོ་བ། ༡༣ དམ་པའི་ཆོས་ཡོངས་སུ་ཚོལ་བའི་ཕྱིར་ཐོས་པ་དང་དོན་གྱིས་ངོམས་མི་མྱོང་བ། ༡༤ བདག་གི་འཁྲུལ་པ་རྣམས་ལ་སྐྱོན་དུ་ལྟ་ཞིང་གཞན་གྱི་འཁྲུལ་པ་རྣམས་ལ་མི་གཤེ་བར་བསྒོ་བ། ༡༥ སྤྱོད་ལམ་ཐམས་ཅད་དུ་བྱང་ཆུབ་ཀྱི་སེམས་ཡོངས་སུ་སྤྱོད་པ། ༡༦ རྣམ་པར་སྨིན་པ་ལ་མི་རེ་བའི་གཏོང་བ། ༡༧ སྲིད་པའི་འགྲོ་བར་སྐྱེ་བ་ཐམས་ཅད་ལ་མི་གནས་པའི་ཚུལ་ཁྲིམས། ༡༨ སེམས་ཅན་ཐམས་ཅད་ལ་ཞེ་འགྲས་པ་མེད་པའི་བཟོད་པ། ༡༩ དགེ་བའི་རྩ་བ་ཐམས་ཅད་ཡང་དག་པར་སྒྲུབ་པའི་བརྩོན་འགྲུས། ༢༠ གཟུགས་མེད་པའི་ཁམས་རྣམ་པར་བསལ་བའི་བསམ་གཏན། ༢༡ ཐབས་མཁས་པ་བསྡུ་བའི་དངོས་པོ་བཞི་དང་རབ་ཏུ་ལྡན་པའི་ཐབས་ཀྱིས་ཟིན་པའི་ཤེས་པ། ༢༢ ཚུལ་ཁྲིམས་དང་ལྡན་པ་དང༌། ཚུལ་ཁྲིམས་འཆལ་པ་རྣམས་ལ་གཉིས་སུ་མེད་པའི་བྱམས་པ། ༢༣ གུས་པར་བྱས་ཏེ་ཆོས་ཉན་པ། ༢༤ གུས་པར་བྱས་ཏེ་དགོན་པ་ལ་གནས་པར་མངོན་པར་དགའ་བ། ༢༥ འཇིག་རྟེན་གྱི་སྣ་ཚོགས་རྣམས་ལ་མི་དགའ་ཞིང་འཇིག་རྟེན་ལས་འདས་པའི་ཆོས་རྣམས་ལ་མངོན་པར་དགའ་བ། ༢༦ ཐེག་པ་དམན་པ་མི་འདོད་ཅིང་ཐེག་པ་ཆེན་པོ་ལ་ཕན་ཡོན་དུ་ལྟ་བ། ༢༧ སྡིག་པའི་གྲོགས་པོ་ཡོངས་སུ་སྤོང་ཞིང་དགེ་བའི་བཤེས་གཉེན་ལ་བསྟེན་པ། ༢༨ ཚངས་པའི་གནས་པ་བཞི་སྒྲུབ་པ། ༢༩ མངོན་པར་ཤེས་པ་ལྔས་རྣམ་པར་རྩེན་པ། ༣༠ ཡེ་ཤེས་ལ་རྟོན་པ་དང༌། སྒྲུབ་པ་དང་ལོག་པར་སྒྲུབ་པ་ལ་གནས་པའི་སེམས་ཅན་རྣམས་མི་གཏོང་བ། ༣༡ གཅིག་ཏུ་ཆད་པར་སྨྲ་བ་དང༌། བདེན་པ་གཅེས་སུ་བྱེད་པ། ༣༢ བྱང་ཆུབ་ཀྱི་སེམས་སྔོན་དུ་འགྲོ་བ་བཅས་སོ། ། |
| Domain | ཆོས་ལུགས། |