47603

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
བྱང་ཆུབ་སེམས་དཔའི་མཐུ་བསམ་གྱིས་མི་ཁྱབ་པ་རིག་པར་བྱ་བའི་རྒྱུ་ལྔ་ (1)
Part of speech མིང་ཚིག
Definition རྣལ་འབྱོར་སྤྱོད་པའི་ས་རྣམ་པར་གཏན་ལ་དབབ་པ་བསྡུ་བ་ལས་བྱུང་བ་སྟེ། རྟོག་གེ་ཐམས་ཅད་ལས་ཡང་དག་པར་འདས་པ་ཉིད་ཀྱི་ཕྱིར་མཐུ་བསམ་གྱིས་མི་ཁྱབ། འཇིག་རྟེན་ན་དཔེ་དམིགས་སུ་མེད་པ་ཉིད་ཀྱི་ཕྱིར་མཐུ་བསམ་གྱིས་མི་ཁྱབ། མཐུ་དེ་སེམས་ཤིན་ཏུ་སྦྱང་བ་བྱས་པ་ཁོ་ན་དང་འབྲེལ་བ་ཉིད་ཀྱི་ཕྱིར་མཐུ་བསམ་གྱིས་མི་ཁྱབ། མཉམ་པར་མ་བཞག་པའི་ས་པའི་སེམས་དང་གཅིག་ཏུ་ཆ་མི་མཐུན་པ་ཉིད་ཡིན་པའི་ཕྱིར་མཐུ་བསམ་གྱིས་མི་ཁྱབ། དེ་མཉམ་པར་གཞག་པའི་ས་པའི་སེམས་དང་འབྲེལ་པ་ཉིད་ཡིན་པའི་ཕྱིར་མཐུ་བསམ་གྱིས་མི་ཁྱབ་པའོ། །
Domain ཆོས་ལུགས།