47638

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
བྱང་ཆུབ་སེམས་དཔའི་ལས་བཞི་ (1)
Part of speech མིང་ཚིག
Definition དཀོན་བརྩེགས་འཕགས་པ་གཙུག་ན་རིན་པོ་ཆེས་ཞུས་པའི་མདོ་ལས་བྱུང་བ་སྟེ། བདུད་ཀྱི་ལས་ལས་ཤིན་ཏུ་འདས་པ་བྱང་ཆུབ་སེམས་དཔའི་ལས། སངས་རྒྱས་ཀྱི་ཞིང་ཡོངས་སུ་སྦྱོང་བ་བྱང་ཆུབ་སེམས་དཔའི་ལས། ལུས་དང་། ངག་དང་། ཡིད་བརྒྱན་པ་བྱང་ཆུབ་སེམས་དཔའི་ལས། སངས་རྒྱས་ཀྱི་ཆོས་ཐམས་ཅད་ཡང་དག་པར་བསྒྲུབ་པ་བྱང་ཆུབ་སེམས་དཔའི་ལས་སོ། །
Domain ཆོས་ལུགས།
བྱང་ཆུབ་སེམས་དཔའི་ལས་བཞི་ (2)
Part of speech མིང་ཚིག
Definition བསམ་པ་ལ་འཇུག་པའི་ཡེ་ཤེས། དབང་པོ་ཡོངས་སུ་ཤེས་པའི་ཡེ་ཤེས། ནད་ཐམས་ཅད་ཞི་བར་བྱེད་པའི་སྨན་སྦྱིན་པའི་ཡེ་ཤེས། ཉོན་མོངས་པའི་ནད་ཐམས་ཅད་རབ་ཏུ་ཞི་བར་བྱེད་པ་མི་འཁྲུགས་པའི་ཡེ་ཤེས་སོ། །
བྱང་ཆུབ་སེམས་དཔའི་ལས་བཞི་ (3)
Part of speech མིང་ཚིག
Definition འཕགས་པ་ནམ་མཁའ་མཛོད་ཀྱིས་ཞུས་པའི་མདོ་ལས་བྱུང་བ་སྟེ། བདུད་དང་ཉོན་མོངས་པ་ཐམས་ཅད་ཚར་བཅད་པ། ཕས་ཀྱི་རྒོལ་བ་ཐམས་ཅད་ཆོས་དང་མཐུན་པས་ཟིལ་གྱིས་མནན་པ། སེམས་ཅན་ཡོངས་སུ་སྨིན་པར་བྱེད་པ། དམ་པའི་ཆོས་ཡོངས་སུ་གཟུང་བའོ། །