47645

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
བྱང་ཆུབ་སེམས་དཔའི་སའི་འགྲེལ་པ་ (1)
Part of speech མིང་ཚིག
Definition སློབ་དཔོན་ཡོན་ཏན་འོད་ཀྱིས་མཛད་པའི་བྱང་ཆུབ་སེམས་དཔའི་སའི་འགྲེལ་པ། རྒྱ་གར་གྱི་མཁན་པོ་དཱི་པཾ་ཀ་ར་ཤྲཱི་ཛྙཱ་ན་དང༌། ལོ་ཙཱ་བ་དགེ་སློང་ཚུལ་ཁྲིམས་རྒྱལ་བས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ། འདིར་སྦྱིན་པའི་རིམ་པར་ཕྱེ་བ་དགུ་པ་ཡན་ཆད་བཞུགས་ཤིང་། ད་དུང་བམ་པོ་བདུན་ཙམ་འཕྲོ་ལུས་ཏེ་འགྱུར་ཐུབ་མེད་པའང་པེ་ཅིང་པར་མ་དང་། སྣར་ཐང་ལ་རྒྱ་གར་གྱི་དཔེ་བྱིད་ནས་ཡི་གེ་མ་མཐོང་བས་འཕྲོ་ལུས་ཏེ་ད་དུང་བམ་པོ་བདུན་ཙམ་ཡོད་དོ། །ཞེས་དང་། འདི་ལས་ཚུལ་ཁྲིམས་ཀྱི་རིམ་པར་ཕྱེ་བ་ནི་ཟུར་དུ་ཕྱུང་སྟེ་ཆོས་ཚན་གཞན་དུ་བྱས་པ་འོག་གི་ཆོས་ཚན་ ༣༢༧༤ པ་སྟེ་མཇུག་ཏུ་ཚུལ་ཁྲིམས་རིམ་པར་ཕྱེ་བ་ནི་གོང་དུ་ཕྱུང་བ་ཡིན། ཞེས་འཁོད། སེམས་ཙམ་འི་པར་བཞུགས།