47650

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
བྱང་ཆུབ་སེམས་དཔའི་སྐྱེས་པའི་རབས་ཀྱི་ཆོས་ཀྱི་གཎྜཱི་ (1)
Part of speech མིང་ཚིག
Definition སྙན་དངགས་མཁན་ཆེན་པོ་སློབ་དཔོན་དཔའ་བོས་མཛད་པའི་བྱང་ཆུབ་སེམས་དཔའི་སྐྱེས་པའི་རབས་ཀྱི་ཆོས་ཀྱི་གཎྜཱི། པཎྜི་ཏ་ཆེན་པོ་ཤཱཀྱ་ཤྲཱི་བཟང་པོ་དང༌། ལོ་ཙཱ་བ་དགེ་སློང་བྱམས་པའི་དཔལ་གྱིས་བསྒྱུར། བུ་སྟོན་དང་པེ་ཅིང་པར་མ་དང་། སྣར་ཐང་སྡེ་དགེ་པར་མ་རྣམས་ཀྱི་དཀར་ཆག་ཏུ་སྐྱེས་རབས་འདི་རྣམས་བྱང་ཆུབ་སེམས་དཔའི་འདུལ་བ་ཡིན་པས། སྔར་བྱང་ཆུབ་སེམས་དཔའི་སྤྱོད་པའི་ཕྱོགས་སུ་བྲིས་ཀྱང་རུང་མོད་ཀྱི། བཀའ་འཁོར་ལོ་དང་པོ་དང་། ཐ་མའི་གསེབ་ནས་བཏུས་པ་ཤས་ཆེ་བར་སྣང་ཞིང་། བཀའ་འཁོར་ལོ་རིམ་པ་གསུམ་ཀ་དང་འབྲེལ་བར་སྣང་བས་འདིར་བྲིས་སོ། །ཞེས་དང་། བུ་སྟོན་ཆོས་འབྱུང་དུ་སྐྱེས་རབས་དང་རྟོགས་བརྗོད་འདི་དག་ཕལ་ཆེར་མདོ་སྡེའི་ནང་དུ་བྲིས་མོད་ཀྱི་འདི་དག་བསྟན་བཅོས་ཡིན་པས་བསྟན་བཅོས་སུ་བྲིའོ། །ཞེས་འཁོད། བསྟན་འགྱུར་སྐྱེས་རབས་ག་པར་བཞུགས།