47654
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | དཀོན་བརྩེགས་ལག་ན་རྡོ་རྗེ་གནས་ནས་བཞུད་པ་དང་བྱོན་པའི་ལེའུ་ལས་བྱུང་བ་སྟེ། སྙིང་རྗེ་བར་བྱ་བའི་ཕྱིར་ངེས་པར་སེམས་པའི་སྟོབས། ཕྱིར་མི་ལྡོག་པར་བྱ་བའི་ཕྱིར་བརྩོན་འགྲུས་ཀྱི་སྟོབས། ཤེས་རབ་ཆེན་པོར་བྱ་བའི་ཕྱིར་ཐོས་པའི་སྟོབས། རྣམ་པར་གྲོལ་བ་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་མོས་པའི་སྟོབས། འབྲལ་བར་བྱ་བའི་ཕྱིར་བསྒོམས་པའི་སྟོབས། སེམས་ཅན་བསྲུང་བའི་ཕྱིར་བཟོད་པའི་སྟོབས། བདུད་ཚར་གཅད་པའི་ཕྱིར་བྱང་ཆུབ་སེམས་ཀྱི་སྟོབས། སེམས་ཅན་ཡོངས་སུ་སྨིན་པར་བྱ་བའི་ཕྱིར་སྙིང་རྗེ་ཆེན་པོའི་སྟོབས། སྟོབས་བཅུ་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་མི་སྐྱེ་བར་བཟོད་པའི་སྟོབས་སོ། ། |
| Domain | ཆོས་ལུགས། |