47655

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
བྱང་ཆུབ་སེམས་དཔའི་སྟོབས་བཅུ་ (1)
Part of speech མིང་ཚིག
Definition འཕགས་ཆོས་ཡང་དག་པར་སྡུད་པ་ཞེས་བྱ་བའི་མདོ་ལས་བྱུང་བ་སྟེ། མོས་པའི་སྟོབས། སོ་སོར་རྟོག་པའི་སྟོབས། བསྒོམ་པའི་སྟོབས། བཟོད་པའི་སྟོབས། ཡེ་ཤེས་ཀྱི་སྟོབས། སྤོང་བའི་སྟོབས། ཐོས་པའི་སྟོབས། སྤོབས་པའི་སྟོབས། བསོད་ནམས་ཀྱི་སྟོབས། སྒྲུབ་པའི་སྟོབས།
Domain ཆོས་ལུགས།

{{#arraymap:བྱང་ཆུབ་སེམས་དཔའི་སྟོབས་བཅུ་

|; |@@@ | | }}

བྱང་ཆུབ་སེམས་དཔའི་སྟོབས་བཅུ་ (2)
Part of speech མིང་ཚིག
Definition འཕགས་པ་དཔའ་བར་འགྲོ་བའི་ཏིང་ངེ་འཛིན་གྱི་མདོ་ལས་བྱུང་བ་སྟེ། བྱང་ཆུབ་ཀྱི་སེམས་ལྷག་པའི་བསམ་པའི་སྟོབས། སངས་རྒྱས་ཀྱི་ཆོས་ལ་དད་པའི་སྟོབས། མང་དུ་ཐོས་པ་མི་བརྗེད་པའི་སྟོབས། འཁོར་བས་ཡོངས་སུ་མི་སྐྱོ་བའི་སྟོབས། སེམས་ཅན་ལ་སྙིང་རྗེ་ཆེན་པོ་བརྟན་པའི་སྟོབས། གཏོང་བ་སྤེལ་བའི་སེམས་ཀྱི་སྟོབས། ཚུལ་ཁྲིམས་ཡང་དག་པར་བླངས་པ་མི་ཉམས་པའི་སྟོབས། བཟོད་ཅིང་དང་དུ་ལེན་པའི་སྟོབས། བདུད་འདུལ་བའི་ཤེས་རབ་ཀྱི་སྟོབས། ཆོས་ཟབ་མོ་ལ་མོས་པའི་སྟོབས་བཅས་སོ། །

{{#arraymap:བྱང་ཆུབ་སེམས་དཔའི་སྟོབས་བཅུ་

|; |@@@ | | }}

བྱང་ཆུབ་སེམས་དཔའི་སྟོབས་བཅུ་ (3)
Part of speech མིང་ཚིག
Definition འཕགས་པ་དཀོན་མཆོག་སྤྲིན་ཞེས་བྱ་བའི་མདོ་ལས་བྱུང་བ་སྟེ། བསམ་པའི་སྟོབས། ལྷག་པའི་བསམ་པའི་སྟོབས། སྦྱོར་བའི་སྟོབས། ཤེས་རབ་ཀྱི་སྟོབས། སྨོན་ལམ་གྱི་སྟོབས། སྤྱོད་པའི་སྟོབས། ཐེག་པའི་སྟོབས། རྣམ་པར་འཕྲུལ་པའི་སྟོབས། བྱང་ཆུབ་ཀྱི་སྟོབས། ཆོས་ཀྱི་འཁོར་ལོ་བསྐོར་བའི་སྟོབས་སོ། །

{{#arraymap:བྱང་ཆུབ་སེམས་དཔའི་སྟོབས་བཅུ་

|; |@@@ | | }}

བྱང་ཆུབ་སེམས་དཔའི་སྟོབས་བཅུ་ (4)
Part of speech མིང་ཚིག
Definition འཕགས་པ་རྣམ་པར་འཕྲུལ་པའི་རྒྱལ་པོས་ཞུས་པའི་མདོ་ལས་བྱུང་བ་སྟེ། ཐམས་ཅད་མཁྱེན་པ་ཉིད་དུ་སེམས་བསྐྱེད་པ་ལྷག་པའི་བསམ་པ་བརྟན་པའི་སྟོབས། བྱམས་པ་ཡོངས་སུ་རྫོགས་པས་ཐམས་ཅད་གཏོང་བའི་སྟོབས། རྙེད་པ་དང༌། བཀུར་སྟི་དང༌། ཚིགས་སུ་བཅད་པ་དོན་དུ་མི་གཉེར་ཞིང་འཇིག་རྟེན་ཐམས་ཅད་དང་འདྲེས་པ་ལ་མི་ལྟ་བས་སྙིང་ཆེན་པོ་ཡོངས་སུ་རྫོགས་པའི་སྟོབས། སངས་རྒྱས་ཀྱི་ཆོས་ཐམས་ཅད་ལ་དད་པ་སྐྱེད་ཅིང་དེ་རྫོགས་པར་བྱ་བའི་ཕྱིར་སེམས་མ་ཞུམ་པས་བརྩོན་འགྲུས་ཆེན་པོ་ཡོངས་སུ་རྫོགས་པའི་སྟོབས། དྲན་པ་དང༌། ཤེས་བཞིན་དུ་སྤྱོད་ཅིང་སྤྱོད་ལམ་མ་འཁྲུགས་པའི་ཏིང་ངེ་འཛིན་གྱི་སྟོབས་ལ་གནས་པའི་སྟོབས། མཐའ་གཉིས་རྣམ་པར་སྤངས་ཤིང་རྟེན་ཅིང་འབྲེལ་པར་འབྱུང་བ་དང་མཐུན་པས་ལྟ་བ་ཐམས་ཅད་སྤང་བ་དང༌། རྟག་པ་དང༌། རྣམ་པར་རྟོག་པ་དང༌། ཡོངས་སུ་རྫོགས་པ་དང༌། སྤྲོས་པ་དང༌། ཡོངས་སུ་དཔྱོད་པ་ཐམས་ཅད་སྤང་བའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པའི་སྟོབས། སེམས་ཅན་ཐམས་ཅད་ཡོངས་སུ་སྨིན་པར་བྱ་བ་དང༌། འཁོར་བ་ཚད་མེད་པ་ཡོངས་སུ་གཟུང་ཞིང༌། དགེ་བའི་རྩ་བའི་ཚོགས་བསགས་པས་ངོམས་པར་བྱ་བའི་ཕྱིར་འདུ་བྱེད་ཐམས་ཅད་རྨི་ལམ་ལྟ་བུར་མོས་ཏེ། འཁོར་བས་ཡོངས་སུ་མི་སྐྱོ་བའི་སྟོབས། ཆོས་ཀྱི་རང་བཞིན་ལ་སོ་སོར་རྟོག་པས་བདག་མེད་པ་དང༌། སེམས་ཅན་མེད་པ་དང༌། སྲོག་མེད་པ་དང༌། གསོ་བ་མེད་པ་དང༌། གང་ཟག་མེད་པ་དང༌། སྐྱེ་བ་མེད་པ་དང༌། འབྱུང་བ་མེད་པའི་ཆོས་ལ་མོས་པས་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པའི་སྟོབས། སྟོང་པ་དང༌། མཚན་མ་མེད་པ་དང༌། སྨོན་པ་མེད་པའི་ཆོས་ལ་འཇུག་ཅིང་རྣམ་པར་ཐར་པའི་སྒོ་ལ་ལྟ་བ་དང༌། ཉན་ཐོས་དང༌། རང་སངས་རྒྱས་ཀྱི་ཐེག་པའི་རྣམ་པར་གྲོལ་བ་ཤེས་པ་ལ་མི་རེག་པས་རྣམ་པར་ཐར་པ་ཐོབ་པའི་སྟོབས། ཆོས་ཟབ་མོ་གཞན་ལ་རག་མ་ལས་པའི་ཤེས་པ་དང༌། སེམས་ཅན་ཐམས་ཅད་ཀྱི་སེམས་སྤྱོད་པ་ལ་ལྟ་བ་ཐོགས་པ་མེད་པའི་ཡེ་ཤེས་ཡོངས་སུ་རྫོགས་པའི་སྟོབས་སོ། །

{{#arraymap:བྱང་ཆུབ་སེམས་དཔའི་སྟོབས་བཅུ་

|; |@@@ | | }}