47656
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | འཕགས་པ་ཆེན་པོའི་མན་ངག་ཅེས་བྱ་བའི་མདོ་ལས་བྱུང་བ་སྟེ། ཁོང་ཁྲོ་བ་མེད་པའི་སེམས་ཀྱིས་བྱམས་པའི་སྟོབས། སེམས་ཅན་ཡོངས་སུ་སྨིན་པར་བྱེད་པས་སྙིང་རྗེའི་སྟོབས། བཅོས་མ་མ་ཡིན་པས་ལྷག་པའི་བསམ་པའི་སྟོབས། ཉོན་མོངས་པ་དང་བྲལ་བས་ཤེས་རབ་ཀྱི་སྟོབས། ཡོངས་སུ་མི་སྐྱོ་བས་ཐབས་ཀྱི་སྟོབས། ཞུམ་པ་མེད་པས་བསོད་ནམས་ཀྱི་སྟོབས། གཏི་མུག་དང་བྲལ་བས་ཡེ་ཤེས་ཀྱི་སྟོབས། སྔོན་དམ་བཅས་པ་ཉམས་འོག་ཏུ་ཆུད་པར་བྱེད་པས་བརྩོན་འགྲུས་ཀྱི་སྟོབས་སོ། ། |
| Domain | ཆོས་ལུགས། |