From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
བྱང་ཆུབ་སེམས་དཔའི་སྡེ་སྣོད་ཡོངས་སུ་ཚོལ་བའི་དགེ་བའི་རྩ་བས་གཞན་གྱིས་མི་ཚུགས་པའི་ཆོས་བཞི་ (1)
| Part of speech
|
མིང་ཚིག
|
| Definition
|
ཆོས་ལུགས། དཀོན་བརྩེགས་ལེའུ་བདུན་པ་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པའི་ལེའུ་ལས་བྱུང་བ་སྟེ། དེ་བཞིན་གཤེགས་པའི་སྐུ་ལ་མེས་ཚུགས་པ་མེད་ཅིང་གནས་མེད་པ། མཚོན་གྱིས་ཚུགས་པ་མེད་ཅིང་གནས་མེད་པ། དུག་གིས་ཚུགས་པ་མེད་ཅིང་གནས་མེད་པ། ཕ་རོལ་གྱི་གནོད་པ་བྱས་པས་འཆི་བའི་དུས་བྱེད་པར་འགྱུར་བ་དེ་ལྟ་བུའི་གནས་མེད་པའོ། །
|
བྱང་ཆུབ་སེམས་དཔའི་སྡེ་སྣོད་ཡོངས་སུ་ཚོལ་བའི་དགེ་བའི་རྩ་བས་གཞན་གྱིས་མི་ཚུགས་པའི་ཆོས་བཞི་ (2)
| Part of speech
|
མིང་ཚིག
|
| Definition
|
༡ སེམས་ཅན་ཐམས་ཅད་ཀྱིས་དེ་བཞིན་གཤེགས་པས་མ་གསན་པའི་ཆོས་ཐ་ན་ཆོས་ཀྱི་ཚིག་གཅིག་ཙམ་ཡང་ཐོས་པར་བྱེད་ནུས་པ་གནས་མ་ཡིན་ཞིང་སྐབས་མེད་དོ། །དེ་ལྟ་བུའི་གནས་མེད་དོ། ། ༢ སེམས་ཅན་ཐམས་ཅད་ཀྱིས་ཐ་ན་སེམས་བསྐྱེད་པ་གཅིག་ཙམ་ཡང་མཉམ་པར་མ་བཞག་པའི་སེམས་རྙེད་པར་འགྱུར་བའི་བར་དུ་དེ་ལྟ་བུའི་གནས་མེད་དོ། ། ༣ དེ་བཞིན་གཤེགས་པ་ནི། རྟག་ཏུ་མཉམ་པར་བཞག་པ་སྟེ། དེ་བཞིན་གཤེགས་པ་ནི། བྱམས་པ་ལ་གནས། སྙིང་རྗེ་ལ་གནས། དགའ་བ་ལ་གནས། བཏང་སྙོམས་ལ་གནས་སོ། ། ༤ སེམས་ཅན་ཐམས་ཅད་ཀྱིས་དེ་བཞིན་གཤེགས་པའི་ལུས་སམ་གཟུགས་ལ་མཚན་མར་འཛིན་ནུས་པ་ནི། གནས་མ་ཡིན་ཞིང་སྐབས་མེད་དོ། །དེ་ལྟ་བུའི་གནས་མེད་དོ། །
|