47658

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
བྱང་ཆུབ་སེམས་དཔའི་སྡེ་སྣོད་ཡོངས་སུ་ཚོལ་བའི་དགེ་བའི་རྩ་བས་ངོ་མཚར་ཡོངས་སུ་རྫོགས་པའི་ཆོས་ཐོབ་པར་འགྱུར་བ་ལྔ་ (1)
Part of speech མིང་ཚིག
Definition དཀོན་བརྩེགས་ལེའུ་བདུན་པ་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པའི་ལེའུ་ལས་བྱུང་བ་སྟེ། ༡ སྣོད་སྟོང་པ། གསོག་བཞག་པར་གྱུར་པ་རྣམས་སུ་དེའི་ལག་པ་གང་དུ་བཅུག་པ་དེ་དག་ཐམས་ཅད་རིན་པོ་ཆེས་ཡོངས་སུ་གང་བར་འགྱུར་བ། ༢ དེ་སྐོམ་པར་གྱུར་ན་ཡན་ལག་བརྒྱད་དང་ལྡན་པའི་ཆུའི་རྫིང་བུ་འབྱུང་བ། ༣ དེའི་ལུས་ལ་གཞན་གྱིས་གནོད་པ་བྱ་བར་མི་འགྱུར་སྟེ། དུག་དང་། མཚོན་དང་། མེ་དང་། ཆུ་དང་། མདངས་འཕྲོག་པའི་གནོད་སྦྱིན་གྱིས་གཙེ་བར་མི་ནུས་པ། ༤ གཞན་ཡང་མཚོན་གྱི་བསྐལ་བ་བར་མ་བྱུང་བའམ། ནད་ཀྱི་བསྐལ་བ་བར་མ་བྱུང་བའམ། མུ་གེའི་བསྐལ་བ་བར་མ་བྱུང་བའམ། ཆུའི་བསྐལ་བ་བར་མ་བྱུང་བའམ། རླུང་གི་བསྐལ་བ་བར་མ་བྱུང་བའམ། སྐོམ་པའི་བསྐལ་བ་བར་མ་བྱུང་བའམ། ཀུན་ཏུ་གདུང་བའི་བསྐལ་བ་བར་མ་བྱུང་བའམ། གནོད་སྦྱིན་གྱི་བསྐལ་བ་བར་མ་བྱུང་བ་ན། འཛམ་བུའི་གླིང་དུ་སྐྱེ་བར་མི་འགྱུར་གྱི། དེ་ལྟར་སྐྱེ་སྟེ། དེ་བདེ་བ་དང་། མཐུ་དང་ལྡན་པར་འགྱུར་ཞིང་། བདེ་བ་དང་མཐུ་མང་བར་འགྱུར་བ། ༥ བྱང་ཆུབ་སེམས་དཔའི་དགེ་བའི་རྩ་བ་དེ་ཉིད་ཀྱིས་མི་དལ་བར་མི་སྐྱེ། ངན་འགྲོར་མི་སྐྱེ། སེམས་ལ་འགྱོད་པ་ཀུན་ནས་དཀྲི་བར་མི་ནུས་ཤིང་། ངེས་པར་འབྱུང་བར་མྱུར་དུ་མཐོང་བར་འགྱུར་བའོ། །
Domain ཆོས་ལུགས།