47659

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
བྱང་ཆུབ་སེམས་དཔའི་སྡེ་སྣོད་ཡོངས་སུ་ཚོལ་བའི་དགེ་བའི་རྩ་བས་ཐོབ་པ་ཡང་བ་བཞི་ (1)
Part of speech མིང་ཚིག
Definition དཀོན་བརྩེགས་ལེའུ་བདུན་པ་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པའི་ལེའུ་ལས་བྱུང་བ་སྟེ། ༡ སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་བསྟན་པ་མཚན་ཉིད་མ་ཚང་བ་མེད་ཅིང་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་ཆོས་བསྟན་པ་འབྲས་བུ་ཡོད་པ་ཡང་བ་དང་པོའོ། ། ༢ དགེ་བའི་རྩ་བ་དེ་ཉིད་དང་ལྡན་པས་དེ་བཞིན་གཤེགས་པས་དགེ་སློང་ཚུར་ཤོག་ཅེས་གསུང་བར་འགྱུར་ཏེ། དགེ་སློང་ཚུར་ཤོག་ཅེས་བྱས་ན་སྐྲ་བྲེགས་པར་འགྱུར། ངུར་སྨྲིག་གྱོན་ཅིང་ལྷུང་བཟེད་ཐོགས་པར་འགྱུར་བ་ཡང་གཉིས་པའོ། ། ༣ དགེ་བའི་རྩ་བ་དེ་ཉིད་དང་ལྡན་པས་དེ་བཞིན་གཤེགས་པ་སེམས་ཅན་ཐམས་ཅད་ཀྱི་དུས་གསུམ་གྱི་སེམས་རབ་ཏུ་མཁྱེན་པ་ཡང་བ་གསུམ་པའོ། ། ༤ དགེ་བའི་རྩ་བ་དེ་ཉིད་དང་ལྡན་པས་དེ་བཞིན་གཤེགས་པས་སེམས་ཅན་ཐམས་ཅད་ཀྱི་སྨན་ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་པ་ཡང་བ་བཞི་པའོ། །
Domain ཆོས་ལུགས།