From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
བྱང་ཆུབ་སེམས་དཔའི་སྡེ་སྣོད་ཡོངས་སུ་ཚོལ་བའི་དགེ་བའི་རྩ་བས་ཐོབ་པའི་ཆོས་བཞི་ (1)
| Part of speech
|
མིང་ཚིག
|
| Definition
|
དཀོན་བརྩེགས་ལེའུ་བདུན་པ་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པའི་ལེའུ་ལས་བྱུང་བ་སྟེ། མྱུར་དུ་དགེ་བའི་ཆོས་ལ་འཇུག་པ། སློབ་དཔོན་གྱི་བསྔགས་པ་བརྗོད་པར་འགྱུར་བ། ནན་ཏན་གྱིས་སྒྲུབ་ཀྱི། ལོག་པའི་ནན་གྱིས་མ་ཡིན་པ། ཆོས་ཀྱི་ཕྱིར་སྡུག་བསྔལ་གྱི། གཞན་དུ་ཕྱོགས་པར་མི་འགྱུར་བའོ། །
|
| Domain
|
ཆོས་ལུགས།
|
བྱང་ཆུབ་སེམས་དཔའི་སྡེ་སྣོད་ཡོངས་སུ་ཚོལ་བའི་དགེ་བའི་རྩ་བས་ཐོབ་པའི་ཆོས་བཞི་ (2)
| Part of speech
|
མིང་ཚིག
|
| Definition
|
སྐྱེ་བོ་མང་པོའི་རྗེས་སུ་བསླབ་ནས་དཀར་པོའི་ཆོས་ལ་གནས་པ། སྦས་ཤིང་བཞག་པའི་གནས་སྐྱེ་བོ་མང་པོ་མགུ་བ་དང་། རབ་ཏུ་དགའ་བར་བྱེད་པ་མྱུར་དུ་ཐོབ་པ། སེམས་དགའ་བ་བཞིན་དུ་ཉིན་མཚན་ཟད་པར་འགྱུར་བ། ཀུན་ནས་ལྡང་བ་མེད་པར་འཆི་བའི་དུས་བྱས་ནས་བདེ་འགྲོ་རིས་སུ་སྐྱེ་བར་འགྱུར་བའོ། །
|
བྱང་ཆུབ་སེམས་དཔའི་སྡེ་སྣོད་ཡོངས་སུ་ཚོལ་བའི་དགེ་བའི་རྩ་བས་ཐོབ་པའི་ཆོས་བཞི་ (3)
| Part of speech
|
མིང་ཚིག
|
| Definition
|
ལྷའི་འཁོར་གྱི་སྟན་མཆོག་རྙེད་པར་འགྱུར་བ། ལྷའི་འཁོར་ཐམས་ཅད་དེའི་གདོང་དུ་བལྟ་ཞིང་ཅི་བཤད་པ་དེ་དག་ཐོས་ནས་ཤེས་པར་བྱའོ། །སྙམ་དུ་སེམས་པར་འགྱུར་བ། ལྷའི་དབང་པོ་བརྒྱ་བྱིན་དང་། དེ་བཞིན་དུ་ལྷའི་བུ་གཞན་ཡང་དེའི་དྲུང་དུ་འོང་གི ། དེ་ལྷའི་བུ་གཞན་དྲུང་དུ་ཐེ་ཚོམ་ཡོངས་སུ་འདྲི་ཞིང་གཅད་པའི་ཕྱིར་འགྲོ་བ་མ་ཡིན་པ། དེའི་ལོངས་སྤྱོད་ཀྱི་གཞལ་མེད་ཀྱི་ཁང་ཆེན་པོ་འབྱུང་བའོ། །
|
བྱང་ཆུབ་སེམས་དཔའི་སྡེ་སྣོད་ཡོངས་སུ་ཚོལ་བའི་དགེ་བའི་རྩ་བས་ཐོབ་པའི་ཆོས་བཞི་ (4)
| Part of speech
|
མིང་ཚིག
|
| Definition
|
སྔོན་གྱི་ལས་མངོན་པར་འདུས་བྱས་པའི་དགེ་བའི་རྩ་བ་གང་གིས་སྐྱེས་པ་རབ་ཏུ་ཤེས་པ། དེ་ན་དགེ་བའི་ཆོས་རྣམས་ཡོངས་སུ་འབྲི་བ་ཡང་རབ་ཏུ་ཤེས་པ། དེ་ནས་ཤི་འཕོས་ནས་གང་དུ་སྐྱེ་བར་འགྱུར་བ་དེ་ཡང་རབ་ཏུ་ཤེས་པ། ལྷའི་འཁོར་ལ་ཆོས་ཀྱི་གཏམ་ཡང་དག་པར་བསྟན། ཡང་དག་པར་འཛིན་དུ་བཅུག ཡང་དག་པར་གཟེངས་བསྟོད། ཡང་དག་པར་རབ་ཏུ་དགའ་བར་བྱས་ནས་ལྷའི་འཇིག་རྟེན་ནས་འཆི་འཕོ་བར་འགྱུར་རོ། །
|