47682
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | སློབ་དཔོན་དཔལ་མར་མེ་མཛད་ཡེ་ཤེས་ཀྱིས་མཛད་པའི་བྱང་ཆུབ་སེམས་དཔའི་སྤྱོད་པ་མདོ་ཙམ་གདམས་ངག་ཏུ་བྱས་པ། འདིའི་སྒྱུར་བ་པོ་བུ་སྟོན་དང་། པེ་ཅིང་པར་མ་དང་། སྣར་ཐང་དཀར་ཆག་ཏུ་དཔལ་མར་མེ་མཛད་ཡེ་ཤེས་དང་། ལོ་ཙཱ་བ་ཚུལ་ཁྲིམས་རྒྱལ་བ་གཉིས་འཁོད། ཆོས་ཚན་འདི་པེ་ཅིང་པར་མ་དང་སྣར་ཐང་གཉིས་ལ་གོང་དུ་སྡེ་དགེ་པར་མ། པེ་ཅིང་པར་མ་དང་སྣར་ཐང་ཅོ་ནེ་བཞིར་བཞུགས་པའི་ཆོས་ཚན་ ༣༡༧༦ པ་དང་བསྐྱར་ཟློས་སུ་འཁོད་འདུག བསྟན་འགྱུར་དབུ་མ་ཁི་པར་བཞུགས། |