47683
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | ཕལ་ཆེན་ལེའུ་ཞེ་ལྔ་པ་སྡོང་པོས་བརྒྱད་པའི་ལེའུ་ལས་བྱུང་བ་སྟེ། དགེ་བའི་བཤེས་གཉེན་རླབས་པོ་ཆེ་ལ་བརྟེན་པ། མོས་པ་རྒྱ་ཆེན་པོ་རབ་ཏུ་ཐོབ་པ། དགེ་བའི་བསམ་པ་རླབས་པོ་ཆེ་རྣམ་པར་དག་པ། བསོད་ནམས་དང་ཡེ་ཤེས་རྒྱ་མཚོ་ཡངས་པས་རབ་ཏུ་བརྟན་པའི་སེམས། སངས་རྒྱས་སྐྱེ་བ་འབྱུང་བའི་ཆོས་བསྟན་པ་ཆེན་པོ་ཐོས་པར་རབ་ཏུ་ཐོབ་པ། དུས་གསུམ་གྱི་དེ་བཞིན་གཤེགས་པ་ལ་མོས་པའི་སེམས་ཀྱིས་གནས་པ། བྱང་ཆུབ་སེམས་དཔའི་སྤྱོད་པའི་དཀྱིལ་འཁོར་ཐམས་ཅད་མཉམ་པ་ཉིད་དུ་ཁོང་དུ་ཆུད་པ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བྱིན་གྱི་རླབས་རབ་ཏུ་ཐོབ་པ། རང་བཞིན་གྱིས་སྙིང་རྗེ་ཆེན་པོའི་ལྷག་པའི་བསམ་པ་རྣམ་པར་དག་པ། འཁོར་བའི་འཁོར་ལོ་ཐམས་ཅད་རབ་ཏུ་གཅད་པའི་སེམས་ཀྱི་སྟོབས་ཤུགས་དྲག་པོ་དང་ལྡན་པ་རབ་ཏུ་ཐོབ་པའོ། ། |
| Domain | ཆོས་ལུགས། |