47684

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
བྱང་ཆུབ་སེམས་དཔའི་སྤྱོད་པ་མྱུར་དུ་རྫོགས་པར་བྱ་བའི་ཆོས་བཅུ་ (1)
Part of speech མིང་ཚིག
Definition ཕལ་ཆེན་ལེའུ་ཞེ་གཅིག་ལས་བྱུང་བ་སྟེ། སེམས་ཅན་ཐམས་ཅད་ཡོངས་སུ་མི་གཏོང་བ། བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་སྟོན་པའི་སེམས་སུ་བྱ་བ། སངས་རྒྱས་ཀྱི་ཆོས་ཐམས་ཅད་མི་སྤང་བ། ཞིང་ཐམས་ཅད་ལ་མི་ཟད་པའི་ཡེ་ཤེས་ཀྱིས་འཇུག་པ། བྱང་ཆུབ་སེམས་དཔའི་སྤྱོད་པ་ཐམས་ཅད་ལ་མོས་པ། དད་པ་ཆེན་པོ་དང་། ནམ་མཁའི་དབྱིངས་ཀྱིས་ཀླས་པའི་ཆོས་ཀྱི་དབྱིངས་མཉམ་པ་ཉིད་རྣམ་པར་བསྒོམས་པའི་བྱང་ཆུབ་ཀྱི་སེམས་མི་བཏང་བ། དེ་བཞིན་གཤེགས་པའི་སྟོབས་ལ་འཇུག་པས་སངས་རྒྱས་ཀྱི་བྱང་ཆུབ་ལ་རྣམ་པར་དཔྱད་པ། ཐ་དད་པ་ཡང་དག་པར་ཤེས་པ་ལ་བརྩོན་པར་བྱ་བ། སེམས་ཅན་ཐམས་ཅད་ཡོངས་སུ་སྨིན་པར་བྱ་བས་ཡོངས་སུ་མི་སྐྱོ་བ། འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་གནས་པ་ལ་མངོན་པར་ཆགས་པ་མེད་པ།
Domain ཆོས་ལུགས།