47730
< Dictionaries | Monlam Grand
Jump to navigation
Jump to search
Part of speech | མིང་ཚིག |
---|---|
Definition | བླ་མ་རིན་པོ་ཆེ་བྱང་པ་འཇམ་དབྱངས་གྲགས་པ་མཆོག་ནི། མདོ་ཁམས་སྟོད་བྱང་འབྲོག་ཏུ། རབ་བྱུང་བཅོ་ལྔ་པའི་མེ་རྟ་ ༡༩༠༦ ལོར་སྐུ་འཁྲུངས། ཐོག་མར་རོང་བོ་དགོན་དུ་བཞུགས་ཏེ་ཐོག་མར་དགེ་ལྡན་པ། ཕྱིས་འཁྲུལ་ཞིག་རིན་པོ་ཆེ་པདྨ་ཆོས་རྒྱལ་དབུས་སུ་ཕེབས་སྐབས་མི་ཕྱེད་པའི་དད་པ་ཐོབ་སྟེ། རྗེས་སུ་གཟུང་བར་གསོལ་བ་བཏབ་པས། ཞལ་གྱིས་བཞེས། ཕ་ཡུལ་བློས་བཏང་སྟེ་ལ་སྟོད་དུ་ཕེབས་ཤིང་གདམས་པ་གསན། ཕྱག་ཆོས་ཀྱི་ཉམས་ལེན་ལ་གཡེལ་བ་མེད་པར་བརྩོན་པས་སྒྲུབ་ཚུགས་ཤིན་ཏུ་བཟང༌། འཁྲུལ་ཞིག་རིན་པོ་ཆེའི་སྐུ་གམ་དུ་ཡུན་རིང་བཞུགས་པས་གདམས་ངག་གི་གསན་རྒྱ་ཆེ། ཁྲིད་གཉེར་ཡང་མཛད། གཤེགས་རྗེས་ཀྱི་བྱ་བ་རྣམས་ལེགས་པར་བསྒྲུབས་ཤིང༌། དུས་འགྱུར་སྐབས་ཤར་གངས་ལ་བརྒྱུད། བལ་ཡུལ་མངའ་ཁོངས་ཤར་ཁུམ་བུའི་སྨད་ཤོ་རོང་ཆོས་ལུང་མཁར་དཀར་དུ་གདན་ཕེབས། འཁྲུལ་ཞིག་ཆེན་པོའི་ཞལ་སློབ་ཕལ་ཆེར་དེར་འདུས་པས་དེ་དག་རྣམས་ལ་ཐུན་མཚམས་སུ་གདམས་ཁྲིད་ཀྱིས་ལེགས་པར་བསྐྱངས་ཤིང༌། སྐུ་ན་ཆེར་སྨིན་པའི་དུས་སུའང་ལོ་མཚམས་དང་ལོ་གསུམ་གྱི་བཅད་རྒྱ་དམ་པོར་མཛད་པ་སོགས་སྒྲུབ་པའི་རྒྱལ་མཚན་མཐོན་པོར་སྒྲེང་བའི་གཡར་དམ་མཐར་ཕྱིན་པའི་ངང༌། དགུང་ལོ་རེ་དགུ་པ་ཤིང་སྟག་ ༡༩༧༤ ལོར་བལ་བོད་མཚམས་ཀྱི་རི་ཁྲོད་གྱད་ཤིང་སྒང་དུ་སྐུ་མྱ་ངན་ལས་འདའ་བའི་ཚུལ་བསྟན་ཅིང༌། སྐུ་གདུང་མཆོད་འབུལ་སོགས་དགོངས་རྫོགས་ཀྱི་བྱ་བ་རྣམས་སྐྱབས་རྗེ་སེང་བྲག་རིན་པོ་ཆེས་གནང་ནས་མཆོད་རྟེན་ཡང་གནས་དེར་བཞེངས་སོ། །རྒྱལ་ཚབ་ཏུ་མངའ་གསོལ་ཅིང་ཞལ་སློབ་ཀུན་གྱི་གཙོ་བོ་ནི། སྐྱབས་རྗེ་སེང་བྲག་སྐུ་ཕྲེང་ལྔ་པ་ངག་དབང་འགྱུར་མེད་ཆོས་ཀྱི་རྒྱལ་མཚན་མཆོག་ཡིན་ནོ། ། |
{{#arraymap:བྱང་པ་འཇམ་དབྱངས་གྲགས་པ་
|; |@@@ | | }}