47745

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
བྱང་བ་རྣམ་རྒྱལ་གྲགས་བཟང་ (1)
Part of speech མིང་ཚིག
Definition རབ་བྱུང་བདུན་པའི་ཤིང་ཕག་ཕྱི་ལོ་ ༡༣༩༥ ལོར་ངམ་རིང་ཡུལ་དུ་ཡབ་གུའི་གུང་ཆོས་གྲགས་དཔལ་བཟང་དང་། ཡུམ་འབུམ་སྐྱོང་རྒྱལ་མོ་གཉིས་ཀྱི་སྲས་སུ་འཁྲུངས། ཆུང་དུས་སུ་ལྷོ་ཕྱོགས་བསྐྱེད་མའི་ཕོ་བྲང་དུ་ཕེབས། ལོ་ཆེན་བྱང་ཆུབ་རྩེ་མོ་དང་། བསྟན་པའི་རྒྱལ་མཚན། མཁན་ཆེན་ཟླ་མགོན་ཤེས་རབ་བཅས་ལས་ཡི་གེའི་འབྲི་ཀློག་དང་། སུམ་རྟགས་དག་གསུམ་ལ་སྦྱངས། སྐབས་དེར་མཚན་ལ་རྒྱ་རུག་དར་མ་རིག་འཛིན་གསོལ། དཀའ་ལྔ་བ་རིན་ཆེན་དཔལ་བཟང་དང་། བོ་དོང་ཕྱོགས་ལས་རྣམ་རྒྱལ་སོགས་ལས་མདོ་སྔགས་རིག་གནས་ཀུན་ལ་སྦྱངས། སེང་གེ་རྒྱལ་མཚན་གྱི་མདུན་ནས་དགེ་བསྙེན་གྱི་སྡོམ་པ་མནོས། མཚན་ལ་རྣམ་རྒྱལ་གྲགས་བཟང་གསོལ། ཉི་ཤུ་བར་གོང་མ་ཏཱ་མིང་གིས་ཏ་སི་ཏུའི་གོ་གནས་དང་དངུལ་གྱི་ཐམ་ག་གནང། སོ་གཅིག་པར་དུས་འཁོར་དང་རྩིས་ས་རིས། གསོ་བ་རིག་པ་བཅས་ལ་སྦྱངས། ཀུན་དགའ་བཀྲ་ཤིས་རྒྱལ་མཚན་དང་། པཎ་ཆེན་བྱམས་པ་གླིང་བ། རྒྱལ་བ་དགེ་འདུན་གྲུབ་བཅས་ལ་དྲི་བ་དྲིས་ལན་སྐབས་མཁས་ཆེན་གྱི་ཆོ་ལོ་ཐོབ། ཆོས་ཀྱི་རྒྱལ་པོ་ཟླ་བ་བཟང་པོའི་ཡུང་སྲིད་དུ་ངོས་བཟུང་། སོ་བརྒྱད་པར་བྱམས་ཕྲུག་གི་དགེ་འདུན་གྲངས་མེད་འདུས་པའི་སྡེ་གྲྭ་ཞིག་བཙུགས། བྱམས་ཆེན་དང་དུས་འཁོར་གྱི་སྐུ། བཀའ་འགྱུར་བྱང་བརྩེགས་མ་སོགས་སྐུ་གསུང་ཐུགས་རྟེན་མང་དུ་བཞེངས། རབ་བྱུང་བརྒྱད་པའི་ཤིང་ལུག་ཕྱི་ལོ་ ༡༤༧༥ ལོར་སྐུ་གཤེགས། སློབ་མ་གྲགས་ཆེ་བ་ནི་རྩེ་ཐང་པ་སངས་རྒྱས་ལྷུན་གྲུབ་དང་། རིན་པོ་ཆེ་རྡོ་རྗེ་རྒྱལ་མཚན། ཇོ་ནང་པ་འཇམ་དབྱངས་ནམ་མཁའ་ཆོས་སྐྱོང་། བྱམས་པ་གསེར་མཆོག་འོད་དཔལ། མི་ཉག་ཆོས་གྲགས་བཟང་པོ། ཤངས་སྟོན་ཀུན་དགའ་དཔལ་ལྡན། ཚ་སྣ་པ་བསམ་གྲུབ་རྒྱ་མཚོ་བཅས་ཡིན། མིའི་ཉི་མ་མཐོང་བ་དོན་ལྡན། བྱང་བ་བཀྲ་ཤིས་དཔལ་བཟང་རྣམ་གཉིས་ལྷག་པའི་སློབ་མ་ཡིན། གསུང་རྩོམ་ནི་དེ་བཞིན་གཤེགས་པའི་གདུང་རབས། སངས་རྒྱས་སུམ་ཅུ་སོ་ལྔའི་སྐུ་མདོག་དང་ཕྱག་མཚན་གྱི་བརྗེད་བྱང་། འདུལ་བ་ལུང་གི་བརྗེད་བྱང་། དབུ་མ་རྩ་ཤེས་ཀྱི་ཊིཀྐ་མཛེས་པར་བྱེད་པའི་རྒྱན་བཅས་ནང་རིག་པའི་སྐོར་དང་། བདུད་རྩིའི་ཆུ་རྒྱུན། ཊིཀྐ་ཆུང་དོན་གསལ། རྒྱུད་བཞིའི་བཀའ་འཕྲང་མུན་སེལ་བཅས་གསོ་རིག་གི་སྐོར་དང་། སྒྲ་རིག་པ་ལ་ཀ་ལཱ་པའི་མདོ་རྒྱན། བཟོ་རིག་པ་ལ་དེ་བཞིན་གཤེགས་པའི་སྐུ་གཟུགས་ཀྱི་ཕྱག་ཚད། རྩིས་གཞི་རིན་པོ་ཆེའི་ཕྲེང་བ་སོགས་པོ་ཏི་མང་པོ་བཞུགས།

{{#arraymap:བྱང་བ་རྣམ་རྒྱལ་གྲགས་བཟང་

|; |@@@ | | }}