47767

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
བྱང་རོང་སྨན་པ་ཉི་འོད་གསལ་ (1)
Part of speech མིང་ཚིག
Definition དུས་རབས་བཅུ་གཉིས་པའི་སྨད་དུ་བྱང་རོང་ཨེ་ཡུལ་རིག་པའི་འབྱུང་གནས་སུ་འཁྲུངས། ལྷོ་བྲག་རོང་བྷི་རྫ་ནས་རྫོགས་ཆེན་དང་། གསོ་རིག་གི་དཔེ་ཆ། འབྲི་ཐང་ཀོ་རོ་བྲག་ནས་འཛམ་བུའི་གླིང་གི་གནས་ཡིག་མང་པོ་གཏེར་ལས་བཞེས། དེང་སང་དཔེ་ལུང་གི་རྒྱུན་ཅི་ཡང་མ་བཞུགས། སྔགས་བཙུན་དཀྱུས་མའི་ཚུལ་དུ་བཞུགས་པས་ཆོས་ཕྱོགས་ཀྱི་འཕྲིན་ལས་མ་རྒྱས། གཙང་རོང་གནུབས་སུ་སྨན་ཆུ་བརྡོལ་བ། བྱར་རོང་ཨེ་ཡི་བྲག་ནས་གཉེན་ཆེན་གྱི་ཕྱག་དཔེ་བདུད་རྩི་སྨན་གྱི་རྫོང་འཕྲང་ཆེན་མོ་ཆེ་འབྲིང་ཆུང་གསུམ་སྙིང་པོ་དང་བཅས་པའི་སྐོར་བཞི་སྤྱན་དྲངས། གཞན་དུ་མ་སྤེལ་བས་མཛད་རྒྱུན་མ་བཞུགས་པ་འདྲ། ཇི་སྐད་དུ། བྱར་རོང་ཨེ་ཡི་སྨན་པ་ཉི་འོད་གསལ། ད་ལྟ་ཤི་ཡང་སྲོག་མཐུད་ཤེས་པ་འབྱུང་། ཞེས་པ་ལྟར་སྨན་པ་མཁས་པ་ཞིག་ཡིན་པར་མ་ཟད། གཏེར་སྟོན་ཆེན་པོ་ཞིག་ཀྱང་ཡིན། མཚན་གཞན། གཏེར་སྟོན་ཉི་འོད་གསལ།

{{#arraymap:བྱང་རོང་སྨན་པ་ཉི་འོད་གསལ་

|; |@@@ | | }}