47785

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
བྱང་སེམས་ཀྱི་ཉེས་བྱས་བཞི་བཅུ་རྩ་དྲུག་ (1)
Part of speech མིང་ཚིག
Definition ༡ དཀོན་མཆོག་གསུམ་ལ་གསུམ་མི་མཆོད། ། ༢ འདོད་པའི་སེམས་ཀྱི་རྗེས་སུ་འཇུག ། ༣ རྒན་པ་རྣམས་ལ་གུས་མི་བྱེད། ། ༤ དྲིས་པ་ལ་ནི་ལན་མི་འདེབས། ། ༥ མགྲོན་པོས་བདག་གིར་མི་བྱེད་དང་། ། ༦ གསེར་ལ་སོགས་ལེན་མི་བྱེད། ། ༧ ཆོས་འདོད་པ་ལ་སྦྱིན་མི་བྱེད། ། ༨ ཚུལ་ཁྲིམས་འཆལ་རྣམས་ཡལ་བར་འདོར། ། ༩ ཕ་རོལ་དད་ཕྱིར་སློབ་མི་བྱེད། ། ༡༠ སེམས་ཅན་དོན་ལ་བྱ་བ་ཆུང་། ། ༡༡ སྙིང་བརྩེར་བཅས་པར་མ་བྱས་དང་། ། ༡༢ འཚོ་བ་ལོག་པ་དང་དུ་ལེན། ། ༡༣ འཕྱར་ནས་རབ་ཏུ་རྒོད་ལ་སོགས། ། ༡༤ འཁོར་བར་གཅིག་པུས་བགྲོད་པར་སེམས། ། ༡༥ གྲགས་པ་མ་ཡིན་མི་སྤོང་དང་། ། ༡༦ ཉོན་མོངས་བཅས་ཀྱང་འཆལ་མི་བྱེད། ། ༡༧ གཤེ་ལ་ལན་དུ་གཤེ་ལ་སོགས། ། ༡༨ ཁྲོས་པ་རྣམས་ནི་ཡལ་བར་འདོར། ། ༡༩ ཕ་རོལ་ཤད་ཀྱིས་ཆགས་པ་སྡོང་། ། ༢༠ ཁྲོ་བའི་སེམས་ཀྱི་རྗེས་སུ་འཇུག ། ༢༡ རྙེད་བཀུར་འདོད་ཕྱིར་འཁོར་རྣམས་སྡུད། ། ༢༢ ལེ་ལོ་ལ་སོགས་སེལ་མི་བྱེད། ། ༢༣ ཆགས་པས་བྲེ་མོའི་གཏན་ལ་བརྟེན། ། ༢༤ ཏིང་ངེ་འཛིན་གྱི་དོན་མི་བྱེད། །༢༥ བསམ་གཏན་སྒྲིབ་པ་སྤོང་མི་བྱེད། །༢༦ བསམ་གཏན་རོ་ལ་ཡོན་ཏན་ལྟ། ། ༢༧ ཉན་ཐོས་ཐེག་པ་སྤོང་བར་བྱེད། ། ༢༨ རང་ཚུལ་ཡོད་བཞིན་དེ་ལ་བརྩོན། ། ༢༩ བརྩོན་མིན་ཕྱི་རོལ་བསྟན་བཅོས་བརྩོན། ། ༣༠ བརྩོན་པར་བྱས་ཀྱང་དེ་ལ་དགའ། ། ༣༡ ཐེག་པ་ཆེན་པོ་སྤོང་བར་བྱེད། ། ༣༢ བདག་ལ་བསྟོད་ཅིང་གཞན་ལ་སྨོད། ། ༣༣ ཆོས་ཀྱི་དོན་དུ་འགྲོ་མི་བྱེད། ། ༣༤ དེ་ལ་སྨོད་ཅིང་ཡི་གེར་སྟོན། ༣༥ དགོས་པའི་གྲོགས་སུ་འགྲོ་མི་བྱེད། ། ༣༦ ནང་པའི་རིམ་གྲོ་བྱ་བ་སྤོང་། ། ༣༧ སྡུག་བསྔལ་སེལ་བར་མི་བྱེད་དང་། ། ༣༨ བག་མེད་པ་ལ་རིགས་མི་སྟོན། ། ༣༩ བྱས་ལ་ལན་དུ་ཕན་མི་འདོགས། ། ༤༠ གཞན་གྱི་མྱ་ངན་སེལ་མི་བྱེད། ། ༤༡ ནོར་འདོད་པ་ལ་སྦྱིན་མི་བྱེད། ། ༤༢ འཁོར་རྣམས་ཀྱི་ནི་དོན་མི་བྱེད། ། ༤༣ གཞན་གྱི་བློ་དང་མཐུན་མི་འཇུག ། ༤༤ ཡོན་ཏན་བསྔགས་པ་སྨྲ་མི་བྱེད། །༤༥ རྐྱེན་དང་འཚམ་པར་ཚར་མི་གཅོད། ། ༤༦ རྫུ་འཕྲུལ་སྡིག་ལ་སོགས་བྱེད་དང་། །ཞེས་གསུངས།
Domain ཆོས་ལུགས།