47804
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | དམར་པོ་གསང་གནས་ན་གནས། མ་ལས་ཐོབ་པའི་རྩ་དང་རྣག་མ་དང་ཁྲག་ལ་སོགས་པའོ། །འཆི་ཀར་བྱང་ཆུབ་ཀྱི་སེམས་དཀར་པོ་དང་སྙིང་ཀར་འདུས་ཏེ། སྲོག་ཆད་པ་དང་དེ་གཉིས་པོ་སོ་སོར་བྱེ་ནས་འགྲོའོ། ། སངས་རྒྱས་པའི་དུས་སུ་ཞབས་འོག་ཏུ་ཉི་མའི་གདན་དུ་འོང་། བྱང་ཆུབ་ཀྱི་སེམས་དཀར་པོ་ནི་སྨིན་མཚམས་ཀྱི་རྒྱུས་པའི་ཆོས་འབྱུང་ན་གནས། སྡུད་པ་ནི་སྤྱི་བོའི་ཧཾ་ལ་སྡུད། ཕ་ལས་ཐོབ་པ་རུས་པ་ལ་སོགས་པ་དཀར་པོའི་ཕྱོགས་ཐམས་ཅད་དོ། །སངས་རྒྱས་པའི་དུས་སུ་སྤྱི་བོའི་ཟླ་ཚེས་སུ་འོང་། |
| Domain | ཆོས་ལུགས། |