47875

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
བྱམས་གསར་ཆོས་རྗེ་ཡེ་ཤེས་དཔལ་ (1)
Part of speech མིང་ཚིག
Definition རབ་བྱུང་ལྔ་པའི་ས་རྟ་ཕྱི་ལོ ༡༣༡༨ ལོར་རབ་སྒང་གི་གྲོང་ཚ་མོ་རྒེའི་ཡུལ་དུ་འཁྲུངས། རབ་བྱུང་དྲུག་པའི་མེ་སྟག་ཕྱི་ལོ ༡༣༨༦ ལོར་སྐུ་གཤེགས། དྲུག་པར་ཨ་ར་དབོན་རྡོ་རྗེ་རྒྱལ་མཚན་ལས་དབུ་སྐྲ་བསིལ། མཚན་ལ་ཡེ་ཤེས་དཔལ་ཞེས་གསོལ། ཡི་གེའི་འབྲི་ཀློག་ལ་བྱང་པར་གྱུར། འདུལ་འཛིན་རྒྱ་སྟོན་གྱི་དྲུང་ནས་དགེ་ཚུལ་བསྒྲུབས། རྨ་ཁྲ་བློ་གྲོས་དབང་ཕྱུག་ལས་ཕར་ཕྱིན་དང་། བྱམས་ཆོས་སྡེ་ལྔར་སྦྱངས། ཤེས་རབ་ཆེ་བའི་གྲགས་པ་རྒྱས། ཉེར་གཉིས་པར་དབུས་ཀྱི་གསང་ཕུའི་ཆོས་གྲྭར་ཞུགས། ཉིན་ཐང་བཀྲ་ཤིས་དཔལ་བཟང་དང་། གླིང་སྟོད་མཁན་པོ་གྲགས་བཟང་པ། ཟུར་སངས་རྒྱས་རིན་ཆེན། ཤུག་གསེབ་ལྷ་བཟང་པོ། དཔལ་རི་རིན་འབུམ་དོན་ཡོད། བྲག་ནག་ཡེ་ཤེས་དཔལ་བ། སྐྱོར་མོ་ལུང་མཁན་ཆེན་ཤེས་རབ་རྡོ་རྗེ། བུ་སྟོན་རིན་ཆེན་གྲུབ། མཁན་ཆེན་བསོད་ནམས་གྲགས་པ། ཇོ་ནང་ཀུན་མཁྱེན། བོ་དོང་ཕྱོགས་ལས་རྣམ་རྒྱལ། མཆིམས་བློ་བཟང་གྲགས་པ། ཀརྨ་རོལ་པའི་རྡོ་རྗེ་བཅས་མཁས་གྲུབ་སུམ་ཅུ་ལྷག་བསྟེན། ཚད་མ་རྣམ་འགྲེལ་དང་། ས་སྡེ་ལྔ། དུས་འཁོར། སྦྱོར་དྲུག ཞི་བྱེད་ཆོས་སྐོར། ཕར་ཕྱིན། མདོ་མང་། ཡུམ་རྒྱས་པ། དགྱེས་པ་རྡོ་རྗེ། གསང་འདུས། འདུལ་བ་ལུང་སྡེ་བཞི། བདག་མེད་ལྷ་མོ་བཅོ་ལྔ། མངོན་ཀུན་བཏུས། རྒྱུད་བླ་མ་སོགས་ལོ་ངོ་བཅོ་བརྒྱད་རིང་དུ་སྦྱངས། བཞི་བཅུ་པར་རང་ཡུལ་རབ་སྒང་དུ་ཕེབས། རལ་པ་ཅན་གྱི་དགོན་པར་གཞི་གསུམ་དང་མཚན་ཉིད་བཙུགས། དུས་བཞི་ལ་ཕར་ཚད་འདུལ་མཛོད་ཀྱི་འཆད་མཉན་སྤེལ། ང་གཅིག་པར་སྐྱི་རུ་རིན་ཆེན་གླིང་བཏབ། བློ་གསལ་མཁས་མང་འདུས་ནས་བསྟན་པ་དར། རུ་ཟི་དགོན་དང་། སྟོང་དགོན། སེང་གེ་དགོན། ནུ་མགོ་བྱང་ཆུབ་གླིང་བཅས་སུ་འཆད་མཉན་རྒྱ་ཆེར་སྤེལ། ཕྱུག་མོ་གཞོན་ནུ་དཔལ་དང་། རིག་སྒྲ་བློ་གྲོས་དཔལ་སོགས་སློབ་མ་མཁས་པ་མང་དུ་བྱུང་། མི་ཉག་མཁས་དབང་མི་ལྔའི་ནང་གི་གཅིག་ཡིན། །

{{#arraymap:བྱམས་གསར་ཆོས་རྗེ་ཡེ་ཤེས་དཔལ་

|; |@@@ | | }}