47876
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | དུས་རབས་བཅུ་དྲུག་པའི་སྨད་དུ་བྱམས་པ་འབུམ་གླིང་གི་ཉེ་འདབས་སུ་འཁྲུངས། རབ་བྱུང་བཅུ་པ་ས་ལུག་ཕྱི་ལོ་ ༡༦༡༩ ལོར་བྱ་ཁྱུང་དགོན་པའི་གདན་སའི་མཁན་ཁྲི་ཡིན། སྐབས་དེར་སྡེ་བ་ཆོས་རྗེ་བསྟན་འཛིན་བློ་བཟང་རྒྱ་མཚོ་བྱང་ཁྱུང་དུ་གནས་དེར་བྱོན། རབ་བྱུང་བཅུ་པའི་བགྲང་བྱ་ང་བདུན་པ་ཆུ་ཕག་ཕྱི་ལོ་ ༡༦༢༣ ལོར་བྱམས་གླིང་བསྟན་པ་རིན་ཆེན་གྱིས་བྱ་ཁྱུང་དགོན་དུ་མཚན་ཉིད་གྲྭ་ཚང་གསར་དུ་བཙུགས། འཆད་ཉན་དར་བར་མཛད། དེའི་སྦྱིན་བདག་སྡེ་བ་ཆོས་རྗེ་བསྟན་འཛིན་བློ་བཟང་རྒྱ་མཚོ་དང་། གུང་རི་མཁའ་འགྲོ་མ་བློ་བཟང་བསྟན་སྒྲོན་རྣམ་གཉིས་ཀྱིས་གནང་། བྱ་ཁྱུང་དགོན་པའི་གདན་སའི་མཁན་རབས་དགུ་པ་ཡིན། |