From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
བྱམས་ཆེན་ (1)
| Part of speech
|
མིང་ཚིག
|
| Definition
|
སྙིང་རྗེའི་རྒྱུ་བྱམས་པའི་སེམས་ཏེ།
|
| Example
|
བྱམས་ཆེན་རྒྱུད་ལྡན་གྱི་འཕགས་པ་ལྟ་བུ།
|
བྱམས་ཆེན་ (2)
| Part of speech
|
མིང་ཚིག
|
| Definition
|
རྒྱལ་བ་བྱམས་པ་དང༌། བྱང་སེམས་བྱམས་པ།
|
| Example
|
བྱམས་ཆེན་ལ་གསོལ་འདེབས་ལན་མང་བྱེད་ལྟ་བུ།
|
བྱམས་ཆེན་ (3)
| Part of speech
|
མིང་ཚིག
|
| Definition
|
བྱམས་མགོན་གྱི་སྐུ་ཆེན་པོ་སྟེ།
|
| Example
|
གཙང་གི་བྱམས་ཆེན་ཞེས་པ་ལྟ་བུ།
|
བྱམས་ཆེན་ (4)
| Part of speech
|
མིང་ཚིག
|
| Definition
|
མདོ། བྱམས་ཆེན་གྱི་དོན་ནི། ཉི་ཟླ་འབར་བའི་སྒྲོན་མ་ལས། བྱམས་ཆེན་ནི་བུ་གཅིག་པའི་མ་བཞིན་དུ་སེམས་ཅན་ཐམས་ཅད་ཕྱོགས་རིས་མེད་པའི་བྱམས་པ་ཀུན་ལ་ཁྱབ་པའོ། །ཞེས་གསུངས།
|
| Domain
|
ཆོས་ལུགས།
|
བྱམས་ཆེན་ (5)
| Part of speech
|
མིང་ཚིག
|
| Definition
|
སྔགས། རྫོགས་ཆེན། རྙིང་མ། བྱམས་ཆེན་གྱི་དོན་ནི། ཉི་ཟླ་འབར་བའི་སྒྲོན་མ་ལས། བྱམས་ཆེན་ནི་བུ་གཅིག་པའི་མ་བཞིན་དུ་སེམས་ཅན་ཐམས་ཅད་ཕྱོགས་རིས་མེད་པའི་བྱམས་པ་ཀུན་ལ་ཁྱབ་པའོ། །ཞེས་གསུངས།
|