47878
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | རབ་བྱུང་དྲུག་པའི་ཤིང་རྟ་ཕྱི་ལོ་ ༡༣༥༤ ལོར་གུང་ཐང་ཚལ་དུ་འཁྲུངས། རྗེ་ཙོང་ཁ་པ་ཆེན་པོ་ལས་མདོ་སྔགས་ཀྱི་ཟབ་ཁྲིད་མང་དུ་གསན། དགུང་ལོ་ང་བཞི་པ་ཕྱི་ལོ་ ༡༤༠༨ ལོར་རྗེའི་སྐུ་ཚབ་ཏུ་གོང་མའི་ཕོ་བྲང་དུ་ཕེབས། ཏཱ་མིང་རྒྱལ་པོར་ཆོས་ཀྱི་བདུད་རྩི་སྩལ། གུ་ཤྲཱི་ཆེན་པོའི་གོ་ས་ཐོབ། རེ་གཉིས་པར་ཕྱིར་བོད་དུ་ཕེབས་ནས་རྗེ་ཙོང་ཁ་པ་དང་མཇལ། རེ་ལྔ་པ་ཕྱི་ལོ་ ༡༤༡༩ ལོར་རྗེ་ཙོང་ཁ་པའི་བཀའ་ལྟར་སེ་ར་ཐེག་ཆེན་གླིང་ཕྱག་བཏབ། འཆད་ཉན་བསྐྱངས། བདུན་བཅུ་པ་ཕྱི་ལོ་ ༡༤༢༤ ལོར་ཏཱ་མིང་གོང་མས་སླར་ཡང་གདན་དྲངས་པ་ལྟར་ཕེབས་ཀྱང་གོང་མ་སྐུ་གཤེགས། སྲས་ཟཱོན་དཱེས་ཡབ་ལས་ལྷག་པའི་གོང་བཀུར་མཛད། རབ་བྱུང་བདུན་པའི་ཤིང་ཡོས་ཕྱི་ལོ་ ༡༤༣༥ ལོར་པེ་ཅིང་ནས་ཕྱིར་བོད་དུ་ཕེབས་པའི་ལམ་བར་མཛོ་མོ་མཁར་དུ་སྐུ་གཤེགས། སློབ་མ་སྙེ་ཐང་བ་ཆོས་རྗེ་ཨ་མོ་ལྷ་བ་དང་། ཆོས་རྗེ་བསོད་ནམས་ཤེས་རབ་སོགས་མང་དུ་བྱོན། |