47889

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
བྱམས་པ་ (1)
Part of speech མིང་ཚིག
Definition མཛའ་བོ་དང་མཛའ་ན་མོ་སྟེ། ཡུལ་སྐད་དུ། དགའ་རོགས་སམ། དགའ་བོ་དང་དགའ་མ་ཟེར།
Example ཆུང་འདྲིས་བྱམས་པ་དྲན་དུས། །མིག་མཐའ་མཆི་མས་བསྐོར་བྱུང་། །ལྟ་བུ།
བྱམས་པ་ (2)
Part of speech མིང་ཚིག
Definition ཉེ་བའི་སྲས་ཆེན་བརྒྱད་ཀྱི་ཡ་གྱལ་དང་། འབྱུང་འགྱུར་གྱི་རྣམ་འདྲེན་ལྔ་པ་ཡིན།
Domain ཆོས་ལུགས།
Synonyms རྒྱལ་ཚབ། དགའ་ལྡན་བདག རྣམ་འདྲེན་ལྔ་པ། བྱམས་ཆེན་མགོན་པོ། མི་ཕམ་མགོན་པོ། གཙུག་ན་མཆོད་རྟེན། ས་བཅུའི་དབང་ཕྱུག དགའ་ལྡན་གཙོ་བོ། དགའ་ལྡན་བཞུགས། བྱམས་པ། མཻ་ཏྲི། བྱམས་ཆེན། མ་ཕམ་པ། རྗེ་བཙུན་བྱམས་པ། རྒྱལ་བ་བྱམས་པ།
བྱམས་པ་ (3)
Part of speech མིང་ཚིག
Definition དམིགས་པ་སེམས་ཅན་ཐམས་ཅད་ལ་དམིགས་ནས་རྣམ་པ་བདེ་བ་དང་འཕྲད་ན་ཅི་མ་རུང་། འཕྲད་པར་གྱུར་ཅིག བདག་གིས་ཅིས་ཀྱང་འཕྲད་པར་བྱའོ་སྙམ་པའི་བློ་ཞིག
Example བྱམས་པ་བསྒོམས་པའི་ཕན་ཡོན་ལྟ་བུ།
བྱམས་པ་ (1)
Part of speech གྲངས་ཚིག
Definition གྲངས་གནས་དྲུག་ཅུའི་ནང་གི་ང་གཉིས་པ་སྟེ་སྟོབས་མིག་ཆེན་པོ་བཅུའོ། །