47900
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | ༡ དྲན་པ་དང་ལྡན་པར་འགྱུར་བ། ༢ བློ་གྲོས་དང་ལྡན་པར་འགྱུར་བ། ༣ བློ་དང་ལྡན་པར་འགྱུར་བ། ༤ བརྟན་པ་དང་ལྡན་པར་འགྱུར་བ། ༥ ཤེས་རབ་དང་ལྡན་པར་འགྱུར་བ། ༦ འཇིག་རྟེན་ལས་འདས་པའི་ཤེས་རབ་རྗེས་སུ་རྟོགས་པར་འགྱུར་བ། ༧ འདོད་ཆགས་ཆུང་བར་འགྱུར་བ། ༨ ཞེ་སྡང་ཆུང་བར་འགྱུར་བ། ༩ གཏི་མུག་ཆུང་བར་འགྱུར་བ། ༡༠ བདུད་ཀྱིས་དེ་ལ་གླགས་མི་རྙེད་པར་འགྱུར་བ། ༡༡ སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་དགོངས་པར་འགྱུར་བ། ༡༢ མི་མ་ཡིན་པ་རྣམས་ཀྱིས་དེ་ལ་བསྲུང་བར་འགྱུར་བ། ༡༣ ལྷ་རྣམས་དེ་ལ་གཟི་བྱིན་བསྐྱེད་པར་འགྱུར་བ། ༡༤ མི་མཛའ་བ་རྣམས་ཀྱིས་དེ་ལ་གླགས་རྙེད་པར་མི་འགྱུར་བ། ༡༥ དེའི་མཛའ་བཤེས་རྣམས་མི་ཕྱེད་པར་འགྱུར་བ། ༡༦ ཚིག་བཙུན་པར་འགྱུར་བ། ༡༧ དེས་མི་འཇིགས་པ་ཐོབ་པར་འགྱུར་བ། ༡༨ ཡིད་བདེ་བ་མང་བར་འགྱུར་བ། ༡༩ མཁས་པས་བསྔགས་པར་འགྱུར་བ། ༢༠ དེའི་ཆོས་ཀྱི་སྦྱིན་པ་དེ་ཡང་རྗེས་སུ་དྲན་པར་བྱ་བར་འོས་པར་འགྱུར་བ་བཅས་སོ། ། |
| Domain | ཆོས་ལུགས། |