47907

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
བྱམས་པ་བསྒོམ་པ་བཞི་ (1)
Part of speech མིང་ཚིག
Definition དཀོན་བརྩེགས་སྒྱུ་མ་མཁན་བཟང་པོ་ལུང་བསྟན་པ་ཞེས་བྱ་བ་ལས་བྱུང་བ་སྟེ། བདག་གིས་སེམས་ཅན་ཐམས་ཅད་སྐྱབས་པར་བྱའོ་སྙམ་དུ་བྱམས་པ་བསྒོམ་པ། བདག་གིས་སེམས་ཅན་ཐམས་ཅད་བསྒྲལ་བར་བྱའོ་སྙམ་དུ་བྱམས་པ་བསྒོམ་པ། བདག་གིས་སེམས་ཅན་ཐམས་ཅད་བསྐུལ་བར་བྱའོ་སྙམ་དུ་བྱམས་པ་བསྒོམ་པ། བདག་གིས་སེམས་ཅན་ཐམས་ཅད་ཡོངས་སུ་མྱ་ངན་ལས་འདའ་བར་བྱའོ་སྙམ་དུ་བྱམས་པ་བསྒོམ་པའོ། །
Domain ཆོས་ལུགས།