47911

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
བྱམས་པ་ཚད་མེད་ (1)
Part of speech མིང་ཚིག
Definition མདོ། བཀྲས་ལྷུན་ཐོས་གླིང་ཡིག་ཆར། ཚད་མེད་གང་ཞིག སེམས་ཅན་རྣམས་བདེ་བ་དང་ལྡན་པར་འདོད་པས་རབ་ཏུ་ཕྱེ་བ། བྱམས་པ་ཚད་མེད་ཀྱི་མཚན་ཉིད།
Domain ཆོས་ལུགས།
བྱམས་པ་ཚད་མེད་ (2)
Part of speech མིང་ཚིག
Definition བཀྲས་ལྷུན་དཀྱིལ་ཁང་ཡིག་ཆར། ཚད་མེད་བཞི་པོ་གང་རུང་ཡང་ཡིན། རང་གི་ཐུན་མོང་མ་ཡིན་པའི་བདག་རྐྱེན་དུ་གྱུར་པའི་བསམ་གཏན་གྱི་དངོས་གཞི་ལ་བརྟེན་ནས་བྱུང་ཞིང་རང་གི་དམིགས་པར་གྱུར་པའི་སེམས་ཅན་ཚད་མེད་པ་བདེ་བ་དང་ལྡན་པར་འདོད་པའི་རབ་ཏུ་ཕྱེ་བ་ཡང་ཡིན་པའི་གཞི་མཐུན་པར་གྱུར་པའི་སེམས་བྱུང་དུ་དམིགས་པ། བྱམས་པ་ཚད་མེེད་ཀྱི་མཚན་ཉིད།
བྱམས་པ་ཚད་མེད་ (3)
Part of speech མིང་ཚིག
Definition ཚད་མེད་བཞིའི་ཡ་གྱལ། དམིགས་པ་སེམས་ཅན་ཚད་མེད་པ་ལ་དམིགས་ནས་རྣམ་པ་བདེ་བ་རྒྱུ་འབྲས་གཉིས་དང་ལྡན་པར་བྱའོ་སྙམ་དུ་སེམས་པ་སྟེ། གནོད་སེམས་ཀྱི་གཉེན་པོ་ཡིན་པའི་ཕྱིར་ཞེ་སྡང་མེད་པའི་རང་བཞིན་ནོ། །འདིའི་དམིགས་པ་ནི་འདོད་པའི་ཁམས་ཀྱི་སེམས་ཅན་རྣམས་ཡིན་ཏེ། འདོད་པའི་སེམས་ཅན་ལ་དམིགས་པའི་གནོད་སེམས་ལ་སོགས་པའི་གཉེན་པོ་ཡིན་པའི་ཕྱིར་རོ། །བྱམས་པ་ཚད་མེད་འདི་མཉམ་གཞག་ཁོ་ན་ཡིན་པས་ས་ནི་བསམ་གཏན་དངོས་གཞི་ལྔ་དང་མི་ལྕོགས་མེད་ཀྱང་གསལ་བས་དངོས་གཞི་དང་འདྲ་བས་ས་དྲུག་ན་ཡོད་དོ། །ཁ་ཅིག་ནི་དངོས་གཞིའི་ས་པ་ཡིན་པས་མི་ལྕོགས་མེད་མ་གཏོགས་པའི་ས་ན་ཡོད་དོ་ཟེར། གཞན་དག་ནི་འདོད་པའི་ཁམས་དང་ཉེར་བསྡོགས་རྣམས་བསྣན་ནས་བཅུ་ན་ཡོད་དོ་ཞེས་ཟེར་ཏེ། མཉམ་པར་བཞག་པ་དང་མ་བཞག་པ་དང་། དངོས་གཞི་དང་སྦྱོར་བ་སྨྲོས་པའི་ཕྱིར་རོ། །ལུས་རྟེན་ནི་མི་དག་གི་ནང་དུ་སྐྱེད་ཀྱི། གཞན་དུ་ནི་མ་ཡིན་ཏེ། དེ་དག་བློ་མི་གསལ་བས་བསྐྱེད་པར་མི་ནུས་པའི་ཕྱིར།