47912
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | ཁོང་གི་མཚན་ལ་ཁྲ་སྡིངས་སྨན་པ་ཡང་ཟེར། འདི་བ་རབ་བྱུང་བཅོ་ལྔ་བའི་ཆུ་ཕག་ཕྱི་ལོ་ ༡༩༢༣ ལོར་མདོ་སྨད་ཀླུ་ཚང་རུ་མང་དུ་སྐུ་འཁྲུངས། ཆུང་དུས་ནས་ཀླུ་ཚང་དགོན་པར་ཆོས་ཞུགས་ཀྱིས་གཞུང་ཆེན་མོར་ཐུགས་གཉེར་གནང། ཕྱིས་བླ་བྲང་དུ་ཕེབས་ཏེ་མདོ་སྔགས་རིག་གནས་དང་བཅས་པར་གསན་བསམ་མཛད། བསྟན་པ་ཡང་དར་སྐབས་ཀླུ་ཚང་དགོན་དང་ཐར་ཤུལ་དགོན་གཉིས་བསྐྱར་བཞེངས་ལ་ཕན་གྲོགས་རྒྱ་ཆེར་གནང། མཚོ་སྔོན་ཞིང་ཆེན་དང་མཚོ་ལྷོ་བཅས་སུ་བོད་སྨན་ཁྲིད་སྟོན་དང། མང་ཡུལ་གྱི་སེར་སྐྱ་ཕལ་མོ་ཆེར་བོད་ཡིག་སློབ་ཁྲིད་དང་སློབ་གྲྭའི་མཚན་འཛིན་སློབ་དཔོན་གནང་བ་སོགས་བཀའ་དྲིན་ཧ་ཅང་ཆེ། གསུང་རྩོམ་ཡང་སྒྲ་དང་ས་རིས། སྨན་རྩིས་སྙན་སུམ་སོགས་མང་དུ་ཡོད། རབ་བྱུང་བཅུ་བདུན་པའི་ལྕགས་རྟ་ཕྱི་ལོ་ ༡༩༩༠ ལོར་སྐུ་གཤེགས། |