4792

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཁྲུན་ (1)
Part of speech མིང་ཚིག
Definition བདེན་རྫུན་དང་ཡིན་མིན་གྱི་དབྱེ་བའམ་ཤན་འབྱེད་པའི་དོན་ཏེ།
Example བདེན་རྫུན་གང་ཡིན་ཁྲུན་འབྱེད་ཐུབ་པ་ཞིག་དགོས་ལྟ་བུ།
ཁྲུན་ (2)
Part of speech མིང་ཚིག
Definition དཀྱུས་དང་། སྲིད། འཕང་། དཔངས་ཚད་བཅས་ཀྱི་དོན་ལ་སྐབས་ཐོབ་ཀྱིས་འཇུག་སྟེ།
Example ཁྲུན་མཐོ་བ། ཁྲུན་རིང་བ་ལྟ་བུ།
ཁྲུན་ (3)
Part of speech མིང་ཚིག
Definition ཞང་སྐད། བརྡོལ་གྱི་མིང།