47944

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
བྱམས་མེ་ཆོས་སེང་གསུམ་པ་པད་དཀར་སྒྲུབ་བརྒྱུད་བསྟན་འཛིན་ (1)
Part of speech མིང་ཚིག
Definition བྱམས་མེ་ཆོས་སེང་གསུམ་པ་པད་དཀར་སྒྲུབ་བརྒྱུད་བསྟན་འཛིན་མཆོག་ནི། གསང་གཉའ་རེག་གཞུང་དུ་མགར་ཕུག་སྦྲ་ཆེན་ཚང་སར་འཁྲུངས། ཡུམ་རམ་སེ་བཟའ་ལ་སྲས་དེ་གཅིག་པུ་ལས་མེད་སྟབས་ཡབ་ཚང་ནས་དེ་དགོན་པར་མ་སྟེར་བས་དགེ་འདུན་པ་ཚོས་དགོན་པ་དེ་སྔར་ཡབ་ཚང་གི་གནས་གཞིས་ཡོད་ས། ད་ལྟའི་དགོན་པ་ཆགས་པའི་གསང་གཉའ་རེག་གཞུང་འདིར་སྤོས་པར་གྲགས། དགོན་གནས་འདི་ཡི་ཁོར་ཡུག་མགར་སྦྲ་ཆེན་ཚང་གི་ས་ཆ་ཡིན་པ་དགོན་པ་ལ་དབང་བ་གཞིར་བཞག་ཐོག་འདི་དུས་སྔ་ཕྱིར་ནང་ཆེན་རྒྱལ་པོ་ནས་ཀུང་ནོར་མ་ཁག་གསུམ་ལ། དབྱར་ཚེར་ས། དགུན་རྩྭ་ས། གནས་གཞི་ཁག་གཉིས་བཅས་གནང་སྦྱིན་མཛད་པ་སོགས་གཟིགས་སྐྱོང་ཆེན་པོ་ཐོབ། དེ་དུས་དགོན་འདིར་དར་རྒྱས་ཆེན་པོ་བྱུང་བར་གྲགས། །འཁྲུངས་འདས་ཀྱི་ལོ་ཚིག་མི་གསལ།