47947
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | ཁོང་གི་འཁྲུངས་ཡུལ། ནང་ཆེན་རྒྱལ་ཤོག་བཞི་མའི་ཡ་གྱལ་རྒ་མཛོ་རྒྱབ་ལོག་མ་ཐུང་དཔོན་ཚང་དུ་སྐུ་འཁྲུངས། ལྷ་མཆོག་ཆོས་དཔལ་རྒྱ་མཚོ་དང་དུས་མཉམ་ཡིན། ད་ལྟའི་དགོན་གནས་འདིར་རེ་ཞིག་བཞུགས་པ་ལས་བར་སྐབས་ཤིག་ལྷ་མཆོག་སྤྲུལ་སྐུ་དང་ཐུགས་ནང་མ་གཤིན་པ་ལ་བརྟེན་རི་ཁྲོད་ཁག་ཏུ་ཕལ་ཆེ་བར་བཞུགས། ཕྱིས་སུ་ནང་ཆེན་རྒྱལ་པོའི་བཀའ་ལྟར་རྨེ་གཡོན་གཞུང་དུ་རྒྱལ་དབང་བདེ་ཆེན་རྡོ་རྗེས་བཏབ་པའི་ཝཾ་ལུང་དགོན་དུ་ཕེབས་ཏེ་ཕྱི་ནང་གི་བྱ་བ་མཐའ་དག་ཐུགས་འགན་ལྷུར་ལེན་མཛད་དེ་གདན་ས་བསྐྱངས། མཐར་དགོན་དེ་གར་དགོངས་པ་རྫོགས་པ་དང་། ཕྱིས་ཀྱི་སྐུ་ཕྲེང་རིམ་བྱོན་རྣམས་ཝཾ་ལུང་དགོན་པའི་བསྟན་བདག་ཏུ་གྱུར་པ་དེ་ནི་བསྟན་འཛིན་གྱི་སྐྱེས་བུའི་བྱུང་རབས་ཀྱི་སྐོར་རོ། ། |