47949

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
བྱམས་མེ་ལྷ་མཆོག་དྲུག་པ་ཀུན་བཟང་འཇིགས་མེད་ (1)
Part of speech མིང་ཚིག
Definition ཁོང་ནི། སྐྱབས་སུ་དཔོན་ཚང་དུ་ཡབ་རྡོ་རྗེ་ཚེ་རིང་དང༌། ཡུམ་ནང་ཆེན་སྲས་མོ་ལྷ་དཀར་ཆོས་སྒྲོན་གྱི་སྲས་སུ་རབ་བྱུང་བཅོ་ལྔ་པའི་ཤིང་སྟག་ ༡༩༡༤ ལོར་འཁྲུངས། ཆོས་མགོན་བརྒྱད་པས་ངོས་འཛིན་གནང་། རྗེ་དེ་དང་འབྲུ་འཇམ་གྲགས། ཁམས་སྤྲུལ་བརྒྱད་པ། ཁྱུང་སྤྲུལ། གྲུབ་ཆེན་དགེ་བ་རྣམ་རོལ་སོགས་བསྟེན་ནས་གསན་བསམ་གནང༌། དགོངས་གཏེར་དུ་མ་བབ། གསང་ཡུམ་བཞེས་པར་སྲས་བླ་མ་ཆོས་གྲགས་སོགས་འཁྲུངས། བྱམས་མེ་དགོན་འཛིན་སྐྱོང་གནང་མཐར། ཞེ་བརྒྱད་པ་ལྕགས་གླང་ ༡༩༦༡ ལོར་བཙོན་དུ་གཤེགས་སོ། །