47950

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
བྱམས་མེ་ལྷ་མཆོག་བདུན་པ་ལྷ་སྤྲུལ་ཉི་མ་ཀུན་ཁྱབ་འཕྲིན་ལས་འགྲོ་འདུལ་ (1)
Part of speech མིང་ཚིག
Definition ཁོང་གི་འཁྲུངས་ཡུལ། ནང་ཆེན་དགེ་རྒྱལ་ཤོག་གསར་ཕུག་པར། ཡབ་ཨ་ཏི་སྦོག་སྦོག་དང་། ཡུམ་ཨ་གྲོ་བཟའ་གསེར་མཚོ་གཉིས་ཀྱི་སྲས་སུ་རབ་བྱུང་བཅུ་དྲུག་པའི་ཆུ་སྟག་ ༡༩༦༢ ལོར་སྐུ་འཁྲུངས། བྱམས་མགོན་སི་ཏུ་རིན་པོ་ཆེ་པད་མ་དོན་ཡོད་ཉིན་བྱེད་ནས་ལྷ་སྤྲུལ་དྲུག་པའི་ཡང་སྲིད་དུ་ངོས་འཛིན་མཛད་དེ། ཀརྨ་ཀུན་ཁྱབ་འགྲོ་འདུལ་དཔལ་བཟང་པོའི་སྡེ་ཞེས་མཚན་གསོལ། རིམ་བཞིན་ནང་ཆེན་དགོན་ཁག་ཡོངས་འདུས་དང་མགར་ཆེན་རིན་པོ་ཆེས་གཙོས་བླ་སྤྲུལ་དང་དགེ་འདུན་བརྒྱ་ཕྲག་འདུས་པའི་དབུས་སུ་ཁྲི་གསོལ་མཛད་སྒོ་ཟབ་རྒྱས་ཞུས། དུལ་མོ་ཆོས་རྗེ་དང་རྫ་ནག་དབོན་སྤྲུལ་སོགས་ནས་དབང་ལུང་སྣ་ཚོགས་དང་། ནང་ཆེན་ཨ་ལྡེའུ་རིན་པོ་ཆེའི་དྲུང་ནས་སྒྲུབ་ཐོབ་སྐོར་ལྔ་སོགས་འབྲུག་པའི་ཆོས་སྐོར་གྱི་དབང་ཆོས་ཟབ་ཁྲིད་རྣམས་གསན། སྔོན་འགྲོ་འབུམ་བཞི་ཆ་ལྔ་དང་། སྐུ་མཚམས་སུ་ཡང་ཁྱོན་བསྡོམས་ལོ་བདུན་ལྷག་བཞུགས་ཤིང་། ནང་ཆེན་ནས་ལྷ་སའི་ཇོ་བོའི་སྐུ་མདུན་བར་ལུས་ཕྱག་འབུལ་སྐབས། རྫ་སྟོད་དང་སྦ་ཆེན་གྱི་ས་མཚམས་སུ་མཐིང་གཞུང་གི་ཆུ་ཆེན་ཞིག་ཡོད་པ་དེར་བྱོན་སྐབས་ཁོང་གི་ཕྱག་རོགས་གཞན་རྣམས་རྟ་ཐོག་ནས་ཆུ་སྒྲོལ་བ་དང་། འོན་ཀྱང་བླ་མ་ཁོང་ནི་སྔར་བཞིན་སྐུ་ཕྱག་འབུལ་གྱིན་དུ་བྱོན་པས་བླ་མ་ཆུ་འགྲམ་དུ་ཕེབས་པ་དང་ཆུ་ཆེན་པོ་དེ་རང་འགར་ཆད་དེ་ཆུ་ནང་གི་སྲོག་ཆགས་ལ་གནོད་མེད་དུ་སྐུ་ཕྱག་འབུལ་གྱིན་དུ་བྱོན་པས་དེར་ཡོད་མི་ཀུན་སྔར་བས་དད་པ་ལྷག་པར་ཆེ་བ་བྱུང་། དེ་བཞིན་ཐང་ཆེན་ཞིག་ཏུ་བྱོན་སྐབས་ཕེབས་ལམ་གང་དུ་ཡིན་ནམ་སྙམ་པའི་སྐབས་བློ་བུར་དུ་རྐྱང་ཞིག་བྱུང་བ་དེས་ཉིན་བཅོ་བརྒྱད་ཀྱི་བར་ལམ་བསྟན་དུ་བྱུང་བ་སོགས་ངོ་མཚར་ཆེ་བ་མང་དུ་བྱུང་། མ་ཟད་ལུང་རྟོགས་ཀྱི་བསྟན་པ་ལ་སྨན་པ་རྒྱ་ཆེར་སྒྲུབ། ཞོར་དུ་སྨྱོ་ནད་དང་། གྲིབ། གདོན་གྱིས་ཟིན་པའི་འགྲོ་བ་ནད་པ་རྣམས་ལ་གསོ་དཔྱད་ལྟར་བསྲེགས་པ་དང་། ཕྱག་པ། དྲག་སྔགས་ཀྱིས་འདུལ་བ་སོགས་ནུས་པ་ཚད་དང་ལྡན། ད་ལྟ་སྐུ་འཚོ་བཞིན་བཞུགས་པའོ། །

{{#arraymap:བྱམས་མེ་ལྷ་མཆོག་བདུན་པ་ལྷ་སྤྲུལ་ཉི་མ་ཀུན་ཁྱབ་འཕྲིན་ལས་འགྲོ་འདུལ་

|; |@@@ | | }}