47954

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
བྱམས་མེ་ལྷ་མཆོག་སྤྲུལ་སྐུ་སྐུ་ཕྲེང་དང་པོ་ (1)
Part of speech མིང་ཚིག
Definition ཁོང་གི་བླ་མ་ཁམས་སྤྲུལ་སྐུ་ཐོག་དང་པོ་ཀརྨ་བསྟན་འཕེལ་གྱི་ཞལ་སློབ་ཡིན་འདུག་པ་དང་། དེ་ཡང་ཁོང་གི་ཐོག་མའི་སྤྲུལ་གཞི་ནི། ངེས་གསང་ལས། ཨེ་མ་ཧོ། ཡེ་དག་བདེ་ཆེན་ཡེ་ཤེས་གཅིག་ཉིད་ལས། །མ་འགག་ལྷུན་འགྲུབ་སྒྱུ་འཕྲུལ་བཀོད་པ་ནི། །གསང་བའི་བདག་དང་དཔལ་ཆེན་ཧྱ་གྲི། །སྙིང་རྗེའི་དབང་ཕྱུག་ཡེ་ཤེས་འཛིན་ལ་སོགས། །ཞེས་དམ་པ་འདི་ཉིད་གསང་བའི་བདག་པོ་དང་། རྟ་མགྲིན་སོགས་ཀྱི་སྤྲུལ་པར་བསྟན་ཅིང་། སྐྱེས་བུ་དེ་ཉིད་གདོད་ནས་མངོན་པར་སངས་རྒྱས་པའི་གོ་འཕང་ཐོབ་ཟིན་ཀྱང་། མ་དག་འགྲོ་བའི་དོན་དུ་སྤྲུལ་པ་ནི། ཟ་ཧོར་ཡུལ་དུ་ཆོས་རྒྱལ་གཙུག་ལག་འཛིན་དང་། གུ་རུའི་དྲུང་དུ་ཨ་ཙ་ར་ས་ལེ། དེ་ནས་རྒྱལ་བ་བྱང་ཆུབ། རིག་འཛིན་འཇའ་ཚོན་སྙིང་པོ་སོགས་ཀྱི་རྣམ་སྤྲུལ་དུ་ཞལ་གྱིས་བཞེས། འཁྲུངས་འདས་ཀྱི་ལོ་ཚིགས་མི་གསལ།