47955

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
བྱམས་འབྱོར་དགོན་ (1)
Part of speech མིང་ཚིག
Definition ཉག་ཨ་འཛི་རོང་གི་སྐེད་པར་ཆགས་ཡོད། སྔོན་བཻ་རོ་ཙ་ན་རྒྱལ་མོ་ཚ་བ་རོང་དུ་སྤྱུགས་སྐབས་དབེན་གནས་འདིར་སྒྲུབ་པ་མཛད། རྡོ་རྗེ་ཕག་མོའི་གནས་སུ་བྱིན་གྱིས་བརླབས། སྦ་ལྕག་འཁོར་སློབ་རྣམས་ལ་སྐུ་ཚབ་ཏུ་བཞག་པས་གེ་བར་སྦ་ལྕག་གནས་ཞེས་མཚན་ཆགས། སྒྲུབ་ཕུག་ལ་་མཚམས་ཁང་དང་ལྷ་ཁང་སོགས་བཞེངས་པས་དགོན་གནས་ཆུང་ངུ་ཞིག་གྲུབ་པར་སྣང་། རབ་བྱུང་བརྒྱད་པའི་མཇུག་ཙམ་ལ་ལྕགས་མདུད་ཤེས་རབ་རྒྱལ་མཚན་གྱིས་ཀཿཐོག་པའི་ཕྱག་སྲོལ་རྣམས་སྤེལ་བས་ཀཿཐོག་པའི་དགོན་ལག་ཏུ་གྱུར། དེ་རྗེས་རིག་འཛིན་ཆོས་རྒྱལ་གླིང་པ་དགོན་འདིར་ཕེབས་ཏེ། དགོན་ས་དཔལ་རི་པདྨའི་རྩེ་ཐོག་འདིར་རབ་བྱུང་བཅུ་གཅིག་པའི་ཤིང་སྟག་ལོར་སྤོས། རིག་འཛིན་ཀློང་གསལ་སྙིང་པོ་ཉག་ཡུལ་དུ་གདན་དྲངས་ཏེ་གུ་རུའི་སྐུ་ཚབ་སྡེ་ལྔ་བཞེངས་པའི་བདག་རྐྱེན་དང་བསྐུལ་མ་གནང་། དགོན་འདིར་ཟབ་གཏེར་ཆོས་ཀྱི་འཁོར་ལོ་བསྐོར། ཤར་ཀཿཐོག་པའི་ཀུན་གཟིགས་མ་ཧཱ་པཎྜི་ཏ་བྱམས་མགོན་སི་ཏུ་ཆོས་ཀྱི་རྒྱ་མཚོ་བྱོན་ནས་བདུད་ཀློང་གཉིས་ཀྱི་སྨིན་བྱེད་དང་། ཆོས་རྒྱལ་གླིང་པའི་ཟབ་གཏེར་ཡང་ཟབ་ཤེལ་གྱི་མེ་ལོང་གི་ཁྲིད་ལུང་གནང་སྟེ་ཉག་དགོན་ཀུན་ལས་ཐུགས་བརྩེ་བ་ཆེན་པོས་བསྐྱངས། །སྒྲུབ་གྲྭ་སྔར་ནས་བན་རྒན་བགྲེས་པ་བདུན་གྱིས་རེས་མོས་བྱས་ནས་ལོ་གསུམ་ལ་རྩ་གསུམ་བསྙེན་པ་དང་། ཁྱད་པར་མ་ཎི་དུང་རེ་འདོན་སྲོལ་སྣང་། བཀའ་བསྟན། རྙིང་རྒྱུད་ཆ་གཉིས། གཏེར་མཛོད་གསུམ། བཀའ་མ་གཉིས། བཀའ་དགོངས་ཡོངས་རྫོགས། བདུད་ཀློང་། ཉག་བླ་བསོད་རྒྱལ། ཆོས་གླིང་། འཇིགས་གླིང་། འཕྲོས་གཏེར། ཀློང་ཆེན། མི་ཕམ། རོང་ཟོམ། མཁྱེན་བརྩེ། དཔལ་སྤྲུལ། དགེ་པཎ། ཀུན་བསོད། བླ་མ་རིག་འཛིན། ངག་དགའ། ཆོས་འགྲུབ་སོགས་ཀྱི་གཏེར་ཆོས་དང་བཀའ་འབུམ། གདམས་ངག་མཛོད། བཀའ་རྒྱུད་སྔགས་མཛོད། ཤེས་བྱ་ཀུན་ཁྱབ། ཐུན་མིན་གསང་མཛོད། ས་སྐྱ་གོང་མ་རྣམ་ལྔ། བཀའ་གདམས་དང་བཀའ་བརྒྱུད་པའི་སྐོར་དང་། དཔལ་སྤུངས་སི་ཏུ་པཎ་ཆེན་སོགས་དང་། གཞན་ཡང་སྟག་བླའི་སྡོམ་འགྲེལ་སོགས་བྲིས་མ་དང་སྤར་མ་ཐམས་ཅད་སྡོམ་པོད་ཉིས་སྟོང་ལྷག་ཙམ་ཡོད།