47966

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
བྱའི་ཉི་མ་ (1)
Part of speech མིང་ཚིག
Definition ཉི་མ་བཅུ་གཉིས་ཀྱི་ནང་གསེས་ཤིག་སྟེ། དེའི་ཉིན་ནི་ཕོ་ཟླ་དྲུག་པོའི་ཚེས་བརྒྱད་དང་། ཉི་ཤུ། མོ་ཟླ་དྲུག་པའི་ཚེས་གཉིས། བཅུ་བཞི། ཉེར་དྲུག་བཅས་ཡིན། ཚེས་ཞེས་མིང་འདོགས་པའི་ཉི་མ་དེ་དག་ཏུ་ལས་ཀར་སྤང་བླང་བྱ་ཚུལ་ནི་ཉིན་སྣང་ལས། བྱ་ལ་ནད་པའི་སྲིའུ་ཡི། །སྨན་དཔྱད་བྱས་ན་བདུད་རྩིར་འགྱུར། །ཤིང་འཛུགས་ཚོང་ཇག་དོན་གཉེར་བཟང་། །གསང་གྲོས་སྟོན་མོ་དགེ་རྩ་དང་། །སྦྱིན་སྲེག་མནན་པ་ལྟད་མོ་ངན། །ཞེས་གསུངས་པ་ལྟར་དང་། བདུན་ཟུར་ཕྱོགས་སྡེབ་ཀྱི་འབྲས་དཔྱད་དུ་ཡང་ལྟད་སྟོན་སྤང་དགོས་པར་གསུངས་འདུག
Domain རྩིས་རིག