47972

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
བྱར་པོ་པཎ་ཆེན་རྡོ་རྗེ་ཕ་ལམ་ (1)
Part of speech མིང་ཚིག
Definition དུས་རབས་བཅོ་ལྔ་པའི་སྨད་དུ་ལྷོ་ཕྱོགས་བྱར་ཡུལ་དུ་འཁྲུངས། ཆུང་དུས་ནས་བཤེས་གཉེན་མང་པོ་བསྟེན། མདོ་སྔགས་རིག་གནས་ཀུན་ལ་ཐོས་བརྩོན་རྒྱ་ཆེར་གནང་། གསོ་རིག་ལ་དད་མོས་ཆེ་བས་ཟུར་ལུགས་ཀྱི་བཞེད་པ་གཙོར་བཟུང་གིས་སྦྱངས། མཁས་པ་ཆེན་པོར་གྱུར། ཀརྨ་སྐུ་ཕྲེང་བདུན་པ་ཆོས་གྲགས་རྒྱ་མཚོས་ཀྱང་བྱར་པོ་པཎ་ཆེན་ཞེས་མཚན་སྙན་གཟེངས་བསྟོད་གནང། སྐུ་ཚེ་ཧྲིལ་པོར་གསོ་རིག་གི་བསྟན་པ་གཙིགས་འཛིན་གྱིས་འཆད་རྩོད་རྩོམ་གསུམ་མཛད། ལྷོད་རྒྱུད་ད་གསོ་རིག་གི་བསྟན་པ་དར་བར་མཛད། གསུང་རྩོམ་ནི་རིག་གནས་སྤྱིའི་སྐོར་དང་། གསོ་བ་རིག་པའི་སྐོར་དཔལ་ལྡན་རྒྱུད་བཞིའི་འགྲེལ་བ་དང་། སྨན་གྱི་ཁོག་འབུབས་ལེགས་བཤད་གསེར་གྱི་སྙེ་མ། བྱེ་བ་རིང་སྲེལ་གྱི་དཀར་ཆག་བཅས་བཞུགས།