47988

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
བྱས་པའི་རྟགས་ཀྱིས་དེ་སྒྲུབ་ཀྱི་དངོས་ཀྱི་བསྒྲུབ་བྱའི་ཆོས་ (1)
Part of speech མིང་ཚིག
Definition རྒྱུ་མཚན་བྱས་པ་ལ་བརྟེན་ནས་གཞི་ཆོས་ཅན་གང་ཡང་རུང་བའི་སྟེང་དུ་དངོས་སུ་བསྒྲུབ་པར་བྱ་བའི་ཆོས་ཞིག་ལ་ཟེར་བ་ཡིན་ཏེ། དེ་ཡང་དགའ་བྱང་བླ་རབས་བཅོ་བརྒྱད་པ་མཁས་མཆོག་བློ་བཟང་བསྟན་པའི་རྟགས་རིགས་མཐའ་དཔྱོད་ལས། བྱས་པའི་རྟགས་ཀྱིས་དེ་སྒྲུབ་ཀྱི་དངོས་ཀྱི་བསྒྲུབ་བྱའི་ཆོས་དང། བྱས་པའི་རྟགས་ཀྱིས་དེ་སྒྲུབ་ཀྱི་ཤུགས་ཀྱིས་བསྒྲུབ་བྱའི་ཆོས་གཉིས། མཚན་ཉིད་རིམ་པ་བཞིན། བྱས་པའི་རྟགས་ཀྱིས་དེ་སྒྲུབ་ཀྱི་དངོས་ཀྱི་བསྒྲུབ་བྱའི་ཆོས་སུ་བཟུང་བ། དང་པོའི་མཚན་ཉིད་ཅེས་གསུངས་པའི་ཕྱིར།
Domain ཚད་མ།